| | e-texts navigator
|
59a1 གསང་བའི་དངོས་གྲུབ་ནི།། སྡུག་བསྔལ་མེད་པ་བདེ་བའི་ཐབས།། རྗེས་སུ་ཆགས་པ་མཉེས་པ་ཡི།། རྡོ་རྗེ་ཐེག་པས་འགྲུབ་པར་འགྱུར།། སྦྱོར་བའི་ཁྱད་པར་འདི་ཡིས་ནི།། ལན་གསུམ་འཇུག་པའི
59a2 གསང་སྔགས་དང་།། ལས་ཀྱི་ཕྱག་རྒྱ་ངས་བཤད་དང་།། དེ་བཞིན་ལག་པའི་ཕྱག་རྒྱ་དག། ཡེ་ཤེས་ཕྱག་རྒྱས་རབ་བསྐུལ་བས།། དམ་ཚིག་མཆོག་གིས་འགྲུབ་པར་འགྱུར།། ཐུགས་ཆེན་སྣ་ཚོགས་གཟུགས་མངའ
59a3 བའི།། སྣ་ཚོགས་འཕྲིན་ལས་མཛད་པར་འགྱུར།། དེ་ནས་ཕྱག་ན་རྡོ་རྗེ་ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་རྡོ་རྗེའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ས་ནི་སྤྱན་དུ་བརྗོད་པ་སྟེ།། ཆུ
59a4 ཁམས་མཱ་མ་ཀི་ཞེས་བརྗོད།། སྒྲོལ་མ་མེ་ཞེས་ཀུན་ཏུ་བརྗོད།། གོས་དཀར་ཅན་མ་རླུང་དུ་བསྒྲགས།། རྡོ་རྗེ་དམ་ཚིག་ནམ་མཁའི་དབྱིངས།། བསྟན་པས་རྡོ་རྗེ་འཆང་བས་བཤད།། ཆེས་དེ་བཞིན་གཤེགས་པ་ཐམས
59a5 ཅད་ཀྱི་སའི་དབང་ཕྱུག། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་། གསུངས
59a6 དང་། ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར
iiif viewer powered by OpenSeadragon
58b - 59b