e-texts navigator
Collection
Volume
Page
Wylie

343b1 སྲོག་ལ་རི་ལི་ལི། ནག་མོ་སྲོག་ལ་ཆོ་ཆོ། ནག་མོ་བཻ་རི་ལི་ལི། ཛ་ཛ་རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ། ནག་མོ་དགྲ་བོའི་སྙིང་ལ་ཟུམ་རིལ་རྦད། ནག་མོ་དགྲ་བོའི་རྩ་ལ་བཾ་རིལ་རྦད། ནག་མོ་དགྲ་བོའི་སྲོག་ལ་ཧུར་ཟུམས
343b2 རྦད། ནག་མོ་དགྲ་བོའི་ཁྲག་ལ་ཐུམ་རིལ་རྦད། པ་ཙ་པ་ཙ་མཱ་རཱ་ཡ་ཐུམ་རིལ་རྦད། ནག་མོ་སྙིང་ལ་བྲུཾ་རིལ་རྦད། ནག་མོ་སྲོག་ལ་བཾ་རིལ་རྦད། ནག་མོ་ཤ་ལ་སྟཾ་པ་རིལ་རྦད། ནག་མོ་རྩ་ལ་ཁུག་རིལ་རྦད། ནག་མོ
343b3 དབུགས་ལ་ཧུར་ཐུམས་མཱ་ར་ཡ་རྦད། སྲོག་ཕུར་གསང་བའི་ཡང་སྙིང་སྟེ།། གསང་བའི་བརྣག་པར་ཡང་དག་བཤད།། འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་ལས། མཁའ་འགྲོ་གསང་བའི་ལེའུ་སྟེ་བཅུ
343b4 པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། ཡོགས་སུ་བསྐོར་བའི་འཁོར་རྣམས་ལ་གསང་བའི་རྒྱུད་འདི་གཏད་དོ།། ཉོན་ཅིག་འཁོར་དུ་འདུས་པའི་ཚོགས།། ཨེ་མ་ཡང་གསང་རྣལ་འབྱོར་ཆེ།། དབྱིངས་དང
343b5 ཡེ་ཤེས་རོལ་བའི་དོན།། ཉེ་བར་གྱུར་པ་གསང་བའི་རྒྱུད།། འཁོར་ལོ་ཐུན་བསྡེབས་བསྒྲལ་བའི་ལུང་།། བརྣག་པའི་རྒྱལ་པོ་གསང་བའི་བཅུད།། གནས་དང་སྲིད་པ་སྤྲུལ་པ་གཅོད།། གནས་པའི་འཁོར་ལོ་སེམས་ལ
343b6 འདུས།། སེམས་ལས་སེམས་བྱུང་ཆོས་ཀྱི་སྐུ།། གསུམ་གཉིས་ལྔ་དང་གཉིས་སུ་ཡང་།། གཉིས་མེད་གཉིས་སུ་མེད་པར་རྫོགས།། སྤྲུལ་པའི་འཁོར་ལ་རྐང་ལ་འདུས།། གོམ་པ་བགྲོད་པས་འགྲོ་དྲུག་གནས།། སྲིད




iiif viewer powered by OpenSeadragon

343a - 344a

Texts on this page

Gpb040.010 - 'phags pa 'jam dpal rin po che gsang ba'i rgyud