| | e-texts navigator
|
340a1 སོལ་སྦྱར་བ་ཡིས།། མི་རྐང་རྒྱུས་པ་སྐྲ་ཤད་པ་རི་ལྡན་པས་འཁོར་ལོ་བྲི་བར་བྱ།། བཅུ་གཉིས་བར་དུ་ཨ་མུ་ཀཾ། མཁས་པ་དག་གིས་བྲི་བར་བྱ།། འཆི་བདག་གཤིན་རྫ་ནག་པོ་ཡི།། ཞལ་ཕྱག་ལྡན
340a2 པས་ཤེས་པར་བྱ།། རབས་ཆད་ནག་པོའི་ཐོད་པར་གཞུག། ལྷོ་ཡི་ཕྱོགས་སུ་ཕྱག་རྒྱའི་རྟེན།། མིག་གི་རྟེན་དུ་མངོན་པར་དགྲམ།། ཞིང་ལྤགས་གཞི་འམ་ཡན་ལག་ལ།། སྤུ་ནག་སེར་ནག་དམར་ནག་ལྡང་།། ཞིང
340a3 དབྱུག་འཁོར་ལོ་བསྣམས་པ་ཡིས།། གཤེད་བདག་ཁྲོ་བོ་འཇིགས་པ་བཞི།། ཚོན་རྩི་སྦྱིན་མེད་དམ་ལྡན་པས།། མཁས་པས་བྲིས་ལ་ཕྱོགས་བཞིར་དགྲམ།། མི་རྟོགས་དབྱིངས་ནས་ཐུགས་རྗེའི་སྐུ།། བསྐྱེད་དེ
340a4 དབྱིངས་ནས་སྤྱན་དྲང་མཆོད།། གཉིས་སུ་མེད་པའི་ཡང་སྙིང་ལ།། མི་སྨྲ་རྒྱུན་གྱི་བསམ་གཏན་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་ཏྲཾ་ནག་པོ་གསང་སྔགས་ཀྱི་འཁྲུལ་འཁོར་འདི་གསུངས་སོ།། ཡ་མ་རཱ་ཛ་ས་ཏོ
340a5 མེ་ཡ། ནག་པོ་རག་ཤ་ཆེ་གེ་མོ་བཾ་རི་ལ་རྦད་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ནག་པོ་ར་ཀ་ཤ་ཆེ་གེ་མོ་སྙིང་བཾ་རི་ལ་རྦད་ཡ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ། ཨརྱ་ཆེ་གེ་མོ་རྦད་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ། རཀ་ཤ་ཆེ་གེ་མོ་ཐུམ་རིལ
340a6 རྦད་ཡ། སྔགས་དང་འཁོར་ལོའི་བར་དག་ཏུ།། བོད་པར་བྱེད་པའི་མིང་རྣམས་གཞུག། ཉིན་བཞིའི་འཁོར་ལོའི་སྔགས་སུ་གསུངས།། མཚན་མོའི་སྲོག་སྔགས་མ་བཞི་ཡིས།། གསང་བའི་ཐུན་གྱིས་བྲབ་པར་བྱ།། རེ
iiif viewer powered by OpenSeadragon
339b - 340b