e-texts navigator
Collection
Volume
Page
Wylie

27b1 སོར་དང་འོག་ནས་སོར།། ཀུམ་ལ་དབྱངས་དང་གསལ་བྱེད་ཁྱབ།། འབྲུ་བརྒྱད་དྲུག་པ་སྔགས་ཀྱི་མདའ།། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ།། དགའ་བཞི་ཚོགས་པ་རྣམ་བཞི་ཚོགས་པ་ཡིས།། འབེབས་པར་བྱེད་པ་ཡེ
27b2 ཤེས་རོ།། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ།། རིན་ཆེན་སྨུག་པོ་གུར་ཁྱིམ་ན།། ཆོས་ཉིད་ཡེ་ཤེས་རང་རྒྱུད་དང་།། ཡོན་ཏན་བཞི་ལས་བརྒྱད་དུ་གནས།། འོད་དབྱིབས་ཚུལ་དང་སྙིང་པོ་དང་།། ས་བོན་ཡིད་དང
27b3 ཤེས་པར་བྱ།། ཆོས་ཉིད་ལྷན་ཅིག་དུད་འགྲོ་ཟླུམ།། ཀུན་བཞི་ཨོཾ་གྱི་སྙིང་པོར་ལྡན།། པུ་ཏྲི་དངུལ་ཆུ་འཛིན་མར་ཙི།། ཟ་འོག་གུར་ཁྱིམ་ནང་ན་བཀྲ།། ཡེ་ཤེས་ལྷ་མོ་གྲུ་བཞི་ཡི།། ཨ་ནརི་ཧཱུཾ་ནི་བདེ་ཆེན་ཐུགས།། ཤེས
27b4 སྒོ་ལེ་བརྒན་བརྒྱུད་པ་འདྲ།། ཡོན་ཏན་དམྱལ་བ་ཡི་དྭགས་ཨཾ།། ཟླ་ཁམས་གསུང་གི་རང་བཞིན་ཡིན།། དྲི་དུ་ཉོན་མོངས་ཡིད་དང་བཅས།། དམིགས་སྟུ་ཙ་སྐྱ་ཟིལ་ཆགས་པ།། ཟང་ཞུན་རཱ་གན་ཙི་སོང་འདྲ།། རང
27b5 རྒྱུད་དམར་ནག་ཨོཾ་གཤོལ་དབྱིབས།། དེ་ནི་བློ་དབུག་སྨོད་ཡིན་ཏེ།། ཤེས་པ་གསུམ་ལ་སྙོམས་པར་འགེབས།། དྲག་པོ་ལྗང་ནག་སྒོ་ལྔའི་རྟེན།། མདོམ་དུད་ཡེ་ཤེས་སྙིང་པོའི་ཙ།། དེ་དབུས་ཡེ་ཤེས་སྙིང་པོའི
27b6 སྐུ།། དར་སྐུད་འཚལ་ཁུ་གསེར་གྱི་བླངས།། ཉི་མ་མེ་ལོང་ངར་དག་ནི།། འབྱུང་བ་བཞི་ཡི་དྭངས་མ་སྟེ།། བདེ་བའི་དངས་མ་ནམ་མཁའི་ཁམས།། འཕྲིན་ལས་བཞི་དང་བསྙེན་བསྒྲུབ་བཞི།། དབུ་རྒྱན་ཅོད་པན་འཕྲེང




iiif viewer powered by OpenSeadragon

27a - 28a

Texts on this page

Gpb039.035 - rgyud kyi rgyal po chen po sgyu 'phrul snying po bkod pa