e-texts navigator
Collection
Volume
Page
Wylie

24b1 གཤེལ་རོལ།། སྟག་གཟིག་དོམ་དང་མ་ཧེ་དང་། ཁྱུ་མཆོག་དྲེགས་པ་གནོན་པའི་སྟེང་།། འགྱིང་སྟབས་མཛེས་པས་ཆར་གཅོད་མཛད།། ཀ་རི་ཙི་རི་པྲ་མོ་ཧ།། པེ་ཏ་ལི་དང་པྲ་ཀ་སི།། ཀ་སྥ་རི་དང་སྨན་ཤ་ནི།། ཙནྡ
24b2 ལི་སྟེ་མ་མོ་ཚོ།། སྔོ་སེར་དམར་དང་ནག་པ་དང་།། དཀར་སེར་ལྗང་ཁུ་མཐིང་ཀ་དང་།། སེར་སྐྱ་ལུས་ཀྱི་མདོག་འཛིན་ཅིང་། བནྡྷ་བྱིས་དབྱུག་མདའ་གཞུར་བཅས།། ཁ་ཊྭཱཾ་ཆུ་སྲིན་རྒྱལ་མཚན་འཛིན།། རྡོ་རྗེ་བྱིང
24b3 ཤ་བྱིས་རྒྱུས་འདྲེན།། དུང་དམར་རྡོ་རྗེ་བྱིས་སྙིང་ཟ།། མཆོག་གི་མགོ་ལུས་འབྲེལ་བར་མཛད།། སེང་གེ་ཝ་སྦྱང་རྟ་གདོང་དམ།། བྱ་རྒོད་དཀང་ཀ་བྱ་རོག་དང་།། འུག་གདོང་འཇིགས་པའི་མགོ་བརྙན་སྦྲུལ།། དཀར
24b4 དམར་སེར་ལྗང་མཐིང་ཀ་དང་།། སྣ་ཚོགས་ལུས་སུ་གནས་པ་སྟེ།། ཁ་ན་རོ་འཛིན་ཞིང་གནས་བལྟ།། བྱིས་པའི་ཁོང་བལྡག་གྲི་ཁུག་འབྲལ།། ཟངས་གྲི་བནྡྷ་དམར་གྱི་བཀང་།། ཞིང་ཁྲག་ཁུར་བ་ནར་སྐྱེའི
24b5 མདོག། ཁ་ན་རོ་ཐོགས་བནྡྷ་གྲི།། རྡོ་རྗེ་ལྕགས་ཀྱུ་བནྡྷ་འཛིན།། རྟ་ཡི་མགོ་ཅན་ལྕགས་ཀྱུ་དཀར།། ཕག་གི་གདོང་པ་ཞགས་པ་བསེར།། སྐྱེ་གདོང་ལྕགས་སྒྲོག་དམར་མོ་དྲེད།། སྦྲང་གདོང་དྲིལ་བུ་ལྗང་ནག
24b6 ཁྲོ།། ཀུན་ཀྱང་ཞིང་གི་གདན་ལ་བཞུགས།། སླས་དང་བྱིན་མོ་བྲན་མོ་རྣམས།། སྲིན་མོ་ཚངས་མ་ལྷ་ཆེན་མོ།། གཏོགས་འདོད་གཞོན་ནུ་རྒྱ་བྱིན་མ།། རྡོ་རྗེ་བདུད་ཙི་ཟླ་བ་མོ།། པེ་ཙི་ན་སིན་མོ་ཟ་བྱེད་མ།། དགའ་བ




iiif viewer powered by OpenSeadragon

24a - 25a

Texts on this page

Gpb039.035 - rgyud kyi rgyal po chen po sgyu 'phrul snying po bkod pa