e-texts navigator
Collection
Volume
Page
Wylie

11b1 གྲོལ་བ་དགོངས་པའི་གནད།། སྒོམ་ཉམས་སྣང་གིས་རྟག་ཚད་རྒྱ་མཚོ་རུ་སྤོས།། ནང་ཡེ་ཤེས་ཀྱིས་སྒྲོན་ཆེན་ནམ་མཁའ་ལ་ཁྱོགས།། བར་གྲུལ་བུམ་གྱིས་ཕྲུ་གུ་གྲག་བར་དུ་གསོལ།། རང་རིག་ཆོས་ཉིད་དུ་གྲོལ་བ
11b2 དགོངས་པའི་གནད་དོ།། དགོངས་ཉམས་ལྔ་པའོ།། མི་དགེ་རྒྱབ་ཏུ་བོར་ན་དགེ་བ་རང་ཁ་ལ། འཁྲུལ་བའི་དེ་ཉིད་རྟོག་ན་ཆོས་ཅན་རང་སར་གྲོལ།། ངར་འཛིན་འགོང་པོ་ཐུལ་ན་བྱང་ཆུབ་ཚུལ་མི་དགོས།། གང་ཡང
11b3 གཟུང་འཛིན་མེད་ན་འཁྲུལ་པ་ཀ་ནས་དག། ཆོས་རྣམས་རྒྱུད་ཐོག་ཁལ་ན་ཆོས་ཅན་སྦུབས།། དེ་ལས་བསླབ་རྒྱུད་མེད་ན་དབྱིངས་ལས་འདས།། ཚིག་དྲུག་དགོངས་ཉམས་དྲུག་པའོ།། ཚིག་པར་སུམ་ཅུ་སོ་དྲུག
11b4 ཡོད།། ཞལ་ཆེམས་དགོངས་ཉམས་དྲུག་པ་འདི།། ཟབ་ཕྱིར་གཏེར་དུ་སྦས་པའོ།། ཕྱི་རབས་ལས་ཅན་བུ་དང་སྤྲོད།། སྱ་མྱ་ཡ། གཏེར་རྒྱ། སྦས་རྒྱ། གཟའི་རྒྱལ་པོས་ཐུབ་པར་སྲུངས་ཅིག།།




iiif viewer powered by OpenSeadragon

11a - 12a

Texts on this page

Gpb039.009 - zhal chems dgongs nyams drug pa