| | e-texts navigator
|
223b1 ཅིག་རྫོགས་སངས་རྒྱས།། ལུས་ནི་རྡོ་རྗེ་ལྟ་བུར་དྲིལ།། ངག་ནི་ཧཱུཾ་གིས་སྒྲ་གསུམ་འབྱིན།། སེམས་ནི་རང་རང་ངོ་ལ་སྟོང་།། མ་ཡེངས་གསུམ་གྱིས་གོས་གསུམ་ཆོད།། བཀའ་གཏད་རབ་འབྱམས་དབང་རྫོགས
223b2 སོ།། འདི་ཤེས་སེམས་དཔའ་རྡོ་རྗེ་དང་།། གཉིས་མེད་ལྷུན་སྙམ་ཆེན་པོའོ།། བསྟན་པ་ཀུན་གྱི་སྲས་ཚིག་དམ་པ། རིན་པོ་ཆེའི་ཁུ་བས་བྲིས་ཏེ་མགུལ་དུ་བཅང་ངོ་།། ཐུགས་རྗེ་མཐོང་གྲོལ་ཅེས་བྱ་བའི།། སྔགས་ཀྱི
223b3 སྲུངས་མས་སྲུངས་ཅིག། ས་མ་ཡ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།། ། @#།། ཏྲཾ། ཎ་ཀྵ། རྒྱ་གར་སྐད་དུ། རྦ་དུ་ས་དྷ་ར་ཀཾ་བོད་སྐད་དུ། ཡང་ཏི་སྲོག་གཟེར། བཅོམ་ལྡན་འདས
223b4 བདེ་ཆེན་སྟོང་སྣང་རྫོགས་ལ་ཕྱག་འཚལ་ལོ།། དེ་ནས་ཚེ་ལོ་བྱེ་བ་ཐུབ་པའི་དུས།། མི་མཇེད་འཇིག་རྟེན་དེ་བ་དེར།། དྲུག་པ་རྡོ་རྗེ་འཆང་ཆེན་ང་།། སྒོང་ང་དག་ལ་སྐྱེས་ཚུལ་བརྟེན།། བཅུ་དྲུག་གཞོན་ཚུལ་འོད་མི
223b5 འཁྲུག། ཆགས་པས་ཆགས་པ་འདུལ་དོན་དུ།། འཁོར་དུ་མཁའ་འགྲོ་འབུམ་ཚོ་ལྔ།། གདུང་བ་བཅད་ཕྱིར་ཚིག་འདི་གསུང་།། ཨེ་མ། རིག་པ་གློང་ཆེན་ནམ་མཁའ་འདྲ།། ཉོན་མོངས་རྟོག་པ་རླུང་འཚུབ་འདྲ།། འདུལ
223b6 བྱེད་དམ་ཆོས་ཉི་མ་འདྲ།། སླར་ཡང་མེས་ཚིག་མེ་ཡི་བདུགས།། ཉོན་མོངས་གཉེན་པོར་ཉོན་མོངས་བདན།། ཕོ་ལ་བཅུ་དྲུག་མོ་ལ་བརྒྱད།། ཐབས་ཤེས་ཡབ་ཡུམ་གདན་རྫས་བསགས།། དུང་ཆེན་རི་མོ་པདྨ
iiif viewer powered by OpenSeadragon
223a - 224a