e-texts navigator
Collection
Volume
Page
Wylie

223a1 ལྡན་བླ་མ་འདི་སྟོན་ཅིག། ས་མ་ཡ། སྔགས་ཀྱི་སྲུངས་མས་སྲུངས་ཅིག་གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། དམ་རྒྱའོ།། རྡོ་རྗེ་འཆང་དང་པོའི་དགོངས་པ་བསྟན་པའི་བུ་གཅིག་པོ་རྫོགས་སོ།།
223a2 དྷུ་ཧཱ་ར་ཉྫ། ཧ་མ་ཊ་རྟ། རྒྱ་གར་སྐད་དུ། སརྦ་དྷརྨ་བྷེ། བོད་སྐད་དུ། ཐམས་ཅད་ཀྱི་གནད། རང་ཤར་གྱིས་ལྷ་བཞི་སྣང་བརྡལ་ལ་ཕྱག་འཚལ་ལོ།། སེམས་ཅན་གྱི་ཚེ་ལོ་དཔག་ཏུ་མེད་པའི་དུས་ན།
223a3 ཡུལ་དགའ་ལྡན་བརྩེགས་པར། སྟོན་པ་རྡོ་རྗེ་སེམས་དཔར་ཤར། རྫུས་ཏེ་སྐྱེས་པ་རྣམས་འདུལ་བའི་ཕྱིར།། འཁོར་སངས་རྒྱས་སྟོང་རྩ་གཉིས་ལ།། ལྕོག་ག་དགུ་འགྱུར་གྱི་སྐད་ཀྱིས་རྩ་བའི་རྒྱུད་འདི་གསུངས། ཀ།
223a4 དག་སྤྲོས་མེད་སྤྲོས་པ་བྲལ།། གཞི་སྣང་ཆེན་པོར་ཟག་ཆོད་ཅིག། རང་གསལ་མ་འདྲེས་མ་འགགས་སྣང་།། ལམ་སྣང་ཆེན་པོར་ཐག་ཆོད་ཅིག། རང་གྲོལ་ལྷུན་གྲུབ་སྙམ་བརྡལ་དང་།། འབྲས་བུ་གདེངས་ཆེན་ལ
223a5 ཟློས་ཅིག། གནས་ས་རྩི་ཏ་དུང་ཁང་རྩ།། ལམ་ནི་ཤེལ་སྦུགས་དངས་པ་སྟེ།། སྒོ་ནི་རྒྱང་ཞགས་ཆུ་སྒྲོན་ལ།། ཡུལ་ནི་རྐྱེན་བྲལ་དང་མཐོའི་དབྱིངས།། ངོ་བོ་འཕྲ་སྙན་སྟོང་གསལ་འཁྲུགས། ཁ་དོག་མ་ངེས་སྣ་ཚོགས
223a6 རིས།། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཡོད་ནི་སེམས་ཅན་ཀུན་ལ་ཡོད།། མངོན་སུམ་སྣང་བས་བར་དོར་གྲོལ།། གོང་འཕེལ་སྣང་བས་འཆི་ཁར་གྲོལ།། ཚད་ཕེབས་སྣང་བས་འོད་ལུས་ཐོབ།། ཟད་པས་སྐད




iiif viewer powered by OpenSeadragon

222b - 223b

Texts on this page

Gpb038.027 - stong pa'i sgra
Gpb038.028 - thams cad kyi gnad