| | e-texts navigator
|
28b1 གནད།། འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི།། མ་བྱུང་མི་འབྱུང་འབྱུང་མི་འགྱུར།། ཨོཾ་ཨཱཿཧཱུཾ། ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས། བསྐྱེད་རྫོགས་ཀྱི་ལེའུ་གཉིས་པའོ།། །། ཡང་ཅིག་གསང་བདག
28b2 ལེགས་པར་ཉོན།། འདི་བཟླས་ཚེ་གཅིག་སངས་རྒྱས་ཡིན།། འདི་བཟླས་འཕྲིན་ལས་རྣམ་བཞི་འགྲུབ།། བྱེ་བ་གཅིག་ནི་བཟླས་པར་བྱ།། གང་འདུལ་དེ་ཉིད་ལྟ་རུ་སྒོམ།། གང་བྱེད་ལས་སོགས་ཤམ་བུར་གདགས།།
28b3 དཔེར་ན་ཡིད་བཞིན་ནོར་བུ་འདྲ།། གང་བསམ་ལས་ནི་འགྲུབ་པར་འགྱུར།། ཏི་ལ་གསལ་དག་རིག་པའི་མདངས།། མ་མཐོང་མི་མཐོང་མཐོང་མི་འགྱུར།། འདི་མཐོང་དུས་གསུམ་སངས་རྒྱས་ཡིན།། དུས་གསུམ
28b4 སངས་རྒྱས་ཐམས་ཅད་ཀྱི།། སྐུ་སྒྲུབ་ཨོཾ་ལ་གསུང་སྒྲུབ་ཨཱཿ།། ཐུགས་སྒྲུབ་ཧཱུཾ་ཡིན་ཏི་ལ་མཆོག། མ་ཧཱ་ཨོཾ་ལ་ཨ་ནུ་ཨཱཿ།། ཨ་ཏི་ཧཱུཾ་ཡིན་ཏི་ལ་རྩེ།། ཨོཾ་གྱིས་ལུས་ལ་བདེ་བ་འབར།། ཨཱཿཡིས་ངག་ལ་ནུས་པ་འབྱུང་།། ཧཱུཾ
28b5 གིས་སེམས་ལ་རྟོགས་པ་འཆར།། ཨོཾ་གྱིས་ཕོ་གདོན་ཐུལ་བར་བྱེད།། ཨཱཿཡིས་མོ་གདོན་ཞི་བར་བྱེད།། ཧཱུཾ་གིས་གདོན་རྣམས་རླག་པར་བྱེད།། ཨོཾ་གྱིས་སྣང་སྲིད་གཡོ་ཞིང་བསྐུལ།། ཨཱ་ཡིས་འགྲོ་བ་དབང་དུ
28b6 བསྡུད།། ཧཱུཾ་གིས་སྐྱེ་མེད་ས་ལ་འགོད།། ཨོཾ་གྱིས་ཏི་ལ་གསལ་བར་བྱེད།། ཨཱཿཡིས་ཡེ་ཤེས་གོང་འཕེལ་འཆར།། ཧཱུཾ་གིས་གཉིས་མེད་སྔོན་སངས་རྒྱས།། ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྟན་པའི་རྒྱུད་ལས།།
iiif viewer powered by OpenSeadragon
28a - 29a