| | e-texts navigator
|
99a1 བྱུང་ཡིན་ཏེ་སྤྲིན་གྱི་ནམ་མཁའ་བསྒྲིབས།། རྒྱ་མཚོ་ཁ་རུ་དར་ཆགས་འདྲ་བར་འཁྲུལ།། འདོད་པས་གདུངས་པས་ཕྱེ་ལེབ་མེས་ཚིག་འདྲ།། འགྲོ་དྲུག་གཡང་ལ་རྟག་ཏུ་རྣམ་རྟོག་ལྟུང་།། ཉམས་མྱོང
99a2 སྐྱེས་ཏེ་བཟོད་པའི་གླགས་མེད་ན།། རྣམ་པར་སྨིན་པའི་ལུས་དེ་ཡང་བོར་ཡང་ལེན་ན།། བོར་བས་མ་ཕན་བག་ཆགས་རྟས་པས་ལན།། བག་ཆགས་འཁྲུལ་པར་འོག་པ་ཅི་ལས་སྤྲོས།། ནམ་མཁའ་སྤྲིན་དང་འདྲ་སྟེ
99a3 ཡང་དང་ཡང་དུ་དགོས།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། སངས་རྒྱས་འོད་གསལ་འཁྲུལ་པའི་ལེའུ་སྟེ་བདུན་པའོ།། །། ཡང་བཀའ་སྩལ་པ། འཁྲུལ་པ་ཡིན་པས་གྲོལ་བར་བསྟན་པ
99a4 ནི།། ཨོཾ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན་མཁའ་འགྲོ་མ་རྡོ་རྗེ་འོད་ཟེར་སྐྱོང་གིས་འཁྱམ་དུ་ཕྱིན་པ་ལ། ལམ་ཀ་ན་མེ་ཏོག་ལེགས་པ་གཅིག་དང་ཕྲད་ནས། མོས་སྙིང་དུ་སྡུག་གྲངས་ནས། འཆོས་ན་ཕན་སྙམ་ནས་འཆོས
99a5 པས་དེ་མེ་ཏོག་ཏུ་མོ་ནད་ཀྱིས་ཐེབས་སོ།། དེར་མོས་ཁྱིམ་དུ་འོངས་ནས་ཟ་མོ་ལ་ངན་བྱས་པས། སྨན་པ་བཙལ་ལོ།། སྨན་པ་བརྒྱད་ཡོད་ནས། རིམ་པ་ཀས་བསྟན་པས་སོ་ཤི་ཤ་མདངས་མ་ཕྱེད་དོ།། དེ་བས་རིང་བ
99a6 ནས་སྨན་པ་དེ་ཚོ་ཡི་ཡང་མེས་པོ་གཅིག་ཡོད་ནས་བཀག་ནས་བསྟན་པས། སྨན་པ་དེ་ན་རེ། ཁྱོད་ཀྱིས་ཟོས་པའི་མེ་ཏོག་དེ་ལྟ་བུ་ཞིག་ཚོལ་ཅིག་ཟེར་ནས། གཞན་གྱིས་མ་རྙེད་ནས། མོ་རང་གི་འགོགས་ཏེ་ཕྱིན་པས།།
iiif viewer powered by OpenSeadragon
98b - 99b