e-texts navigator
Collection
Volume
Page
Wylie

84a1 བ་མེད།། ཐུགས་རྗེ་ཉི་མ་འདྲ་སྟེ་ཡོངས་ལ་ཁྱབ།། ཁྱབ་པས་མ་ཕན་མཐོང་བ་ལོག། སྣང་བ་ལོག་པ་འཛིན་པ་བརྟས།། སྣང་འཛིན་གཉིས་ཀྱི་ཁ་ན་ཉི་མ་གནས།། ཉི་མ་རྒྱ་ཆད་ཕྱོགས་ལྷུང་མེད་པ
84a2 ལ།། ལྟ་སྟངས་སོ་སོར་ཕྱེ་བ་ཡིན།། རྒྱ་ཆད་ཕྱོགས་ལྷུང་དེ་ནས་བྱུང་།། ནམ་མཁའ་ཉིད་ནི་མཚན་མ་རང་སར་གྲོལ།། རྒྱ་མ་ཆད་དེ་ཕྱོགས་སུ་མ་ལྷུང་ངོ་།། དཔེར་ན་ཉི་མ་ཤར་བས་མུན་པ་མཐོང་།། མཐོང་བ་ལོག
84a3 ཅེས་དེ་ལ་བྱ།། མཐོང་བ་ལོག་པས་སྣང་བ་ལོག། མུན་པའི་སྣང་བར་གནས་པའོ།། འཛིན་པ་ལོག་པ་མུན་པར་བཟུང་།། དཔེར་ན་སྦྲུལ་ཀྱི་ཕུང་པོ་མཐོང་བ་ཡང་།། ཟག་པ་ཕྱོགས་སུ་མ་ལྷུང་སྟེ།། སྣང་བ་ལོག་པས
84a4 སྦྲུལ་དུ་འཁྲུལ།། འཛིན་པ་ལོག་པས་སྦྲུལ་དུ་འཁྲུལ།། མཐོང་བ་ལོག་པས་སྦྲུལ་དུ་མཐོང་།། རལ་གྲོལ་རང་ཤར་གྱི་མན་ངག་གོ། དཔེར་ན་འབྱུང་བ་ལྔ་ཡང་དེ་དང་འདྲ།། དུག་ལྔ་སྐུ་ལྔ་ཡེ་ཤེས་ལྔ།། རང་འཁྲུངས
84a5 ང་གྲོལ་གྱི་གདམས་པའོ།། ངོ་སྤྱོད་ཕྱོགས་ལྷུང་གི་མདུད་པ་ལ།། རང་ཤི་རང་གྲོལ་གྱི་གདམས་ངག་གིས།། ལྕེ་སྦྲང་ལྟ་བུའི་བརྡ་དང་ནི།། ནམ་མཁའ་ལྟ་བུའི་བརྡ་ཡིས་ནི།། ཐིག་ལེ་ཕྱོགས་ལྷུང་མེད་པར
84a6 བསྟན།། ཐང་ཤིང་ཁ་ནས་རླུང་འཕྲོ་བ།། བཟུང་བས་ཟིན་པར་ག་ལ་འགྱུར།། ནམ་མཁའ་ཀློང་ན་ཁྱུང་ལྡིང་བ།། ལྟུང་བའི་ཤེས་པ་ཅི་ལ་འབྱུང་།། ཉག་གཅིག་ཐ་དད་རང་གྲོལ་བས།། གོལ་བའི་ཕྱོགས་ལྷུང་ག་ལ




iiif viewer powered by OpenSeadragon

83b - 84b

Texts on this page

Gpb037.029 - gsang ba yang gter sku gsum gyi rgyud