e-texts navigator
Collection
Volume
Page
Wylie

59a1 བའི་རྦད་ལས། མན་མཚན་ནས་བརྟན་པའི་མཚན་པར་གསུམ་པའོ།། ། རྫོགས་པ།། @།། རྒྱ་བར་རྐང་དུ་ཎྜལ་གྲ་རྦ་བིནདྷཥྛཱནཱ་མ།
59a2 དུ། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒུད་ཅེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།། འགྲོ་བ་སློབ་ལ་ཕྱག་འཚལ་ནས།། འཇམ་པའི་དཔལ་གྱུར་འགྲོ་བའི་མགོན།།
59a3 ཚོགས་པདྨའི་མདོག་འདྲ་བའི།། དབྱིབས་ལེགས་ཕྱག་མཚན་རྡོ་རྗེ་དང་།། གྲི་གུག་ཐོད་པ་རབ་ཏུ་བསྣམས།། སྟག་དང་གླང་ཆེན་ན་བཟའ་བསྟབས།། དྲེད་མོའི་ཤམ་ཐབས་རབ་རུ་མཛེས།། རབ་ཏུ་འཇིགས་པའི
59a4 དུར་ཁྲོད་ན།། རུས་པ་ཤ་དང་རོ་ཡི་ཚོགས།། ནུས་པ་འབྲལ་འབྲེལ་ལ་སོགས་པ།། མཁའ་འགྲོ་སྣ་ཚོགས་འདྲ་བའི་གནས།། འཁོར་ཡང་མཁའ་འགྲོ་དྲི་མེད་སོགས།། འདུས་པའི་ཚོགས་ལ་རབ་ཏུ་འཆད།། འདྲེ
59a5 སྐད་བརྡ་སྐད་རང་སྐད་ཀྱིས།། མིང་དང་ཚིག་དང་ཡི་གོའི་ཚོགས།། བརྒྱད་པ་བར་མ་ཆད་པའི་ཆོས།། ཕུན་སུམ་ཚོགས་པའི་དུས་དེ་རུ།། ངོ་བོ་ཉིད་ཀྱི་མཁའ་འགྲོ་བསྡུས།། ཏེ་ལ་གུ་ཤྱའི་འཆད་པའི་དུས།། བྱི་ནང
59a6 དུར་ཁྲོད་འབར་བར་བཤད།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། མཁའ་འགྲོ་མའི་ཚོགས་ལས་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་མཁའ་འགྲོ་དྲི་མེད་ཀྱིས།




iiif viewer powered by OpenSeadragon

58b - 59b

Texts on this page

Gpb037.026 - thig le gsang ba yang gter gyi rgyud
Gpb037.025 - ye shes 'khor lo gting rdzogs chen po'i rgyud