| | e-texts navigator
|
179a1 ལྔ་དང་ལྡན་པའི་རྟགས།། གཡོན་པ་དྲིལ་བུ་བསྣམས་པ་ནི།། ཐབས་དང་ཤེས་རབ་འབྲེལ་བའི་རྟགས།། སྐུ་སྟོད་དར་དཀར་རྒྱན་གསོལ་བ།། ཡོན་ཏན་ཀུན་དང་ལྡན་པའི་རྟགས།། སྐུ་སྨད་པ་ཏི་ཙི་གུ
179a2 ནི།། ཉོན་མོངས་སྐྱོན་གྱིས་མ་གོས་རྟགས།། དེ་ཡི་ངང་ལས་རང་བྱུང་བ།། སྦྲུལ་སྐུ་ཕྱག་ན་རྡོ་རྗེ་ནི།། སྐུ་མདོག་ལྗང་ཁུའི་འོད་ཟེར་ལྔ།། གཡས་པ་རྡོ་རྗེ་རྩེ་དགུ་ནི།། ས་དགུ་རང་སར་ནོན་པའི་རྟགས།། གཡོན་པ
179a3 དྲིལ་བུ་བསྣམས་པ་ནི།། གསང་ཡུམ་དབྱིངས་ན་གནས་པའི་རྟགས།། ན་བཟའ་ལྗང་ཁུ་གསོལ་བ་ནི།། འཕྲིན་ལས་འགྲོ་དོན་མཛད་པའི་རྟགས།། ཞལ་མདོག་མཐིང་ཁར་བསྟན་པ་ནི།། ཆོས་སྐུ་འགྱུར་བ་མེད་པའི
179a4 རྟགས།། བདེ་གཤེགས་དེ་ཡི་བྱིན་བརླབས་ལས།། མཁའ་འགྲོ་རྣམ་པ་ལྔ་སྤྲུལ་ཏེ།། རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར།། རྡོ་རྗེ་རང་རྟགས་སྡིགས་མཛུབ་དང་།། ལྕགས་ཀྱུ་ཐོགས་ནས་འགྲོ་བ་འདྲེན།། དབྱིངས་ཀྱི
179a5 མཁའ་འགྲོ་སྐུ་མདོག་སེར།། རྡོ་རྗེ་ཞགས་པས་རྣམ་རྟོག་འཆིང་།། དམ་ཚིག་མཁའ་འགྲོ་ལྕགས་སྒྲོག་གིས།། གཟུང་འཛིན་འཆིང་ཞིང་འགྲོ་བ་སྒྲོལ།། ལས་ཀྱི་མཁའ་འགྲོ་སྐུ་མདོག་དམར།། རྡོ་རྗེ་ལྕགས་སྒྲོག
179a6 རྣམ་རྟོག་སྡོམ།། ཤ་ཟའི་མཁའ་འགྲོའི་སྐུ་མདོག་ལྡང་།། རྡོ་རྗེ་དྲིལ་བུ་སྡུག་བསྔལ་འཇོམས།། ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་།། རྡོ་རྗེ་ཐོད་ཁྲག་འཁོར་བ་རྔུབ།། གཙོ་བོ་མཁའ་འགྲོ་རྣམས་ལ་ནི།། ལས་བྱེད
iiif viewer powered by OpenSeadragon
178b - 179b