| | e-texts navigator
|
150a1 བུད་མེད་འཚོགས་པའི་གནས།། བྱད་ཀྱི་ལྟ་བའི་གཞི་མ་བྱེད།། མེ་ལོང་ཕྱོགས་རིས་མེད་པ་ལ།། རྒད་པོ་རྨི་མ་རག་ཤ་གདོང་།། བྱད་བཞིན་སྦ་ལ་གྲུབ་པས་བལྟས།། བྱད་ཀྱི་རྣམ་པ་མ་མཐོག
150a2 བར།། སྐྲ་གྲི་གང་ན་འདུག་པ་དེ།། དེ་ག་བྱད་ཡིན་སྙམ་ནས་འདུག། རྒན་མོ་དེ་ཡི་རྩ་ཤེད་ན།། ཁྱེའུ་ཆུང་མཛེས་པ་ཀུན་ལྡན་བྱུང་།། མེ་ལོང་བལྟས་པས་བྱད་བཞིན་མཐོང་།། རྒན་མོས་བལྟས་པས་ཁོ་ཡི་བྱད་མཐོང
150a3 བས།། རྒན་མོའི་བྱད་ལ་ཡིད་འབྱུང་ནས།། ཁོ་ཡིས་བྱད་ལ་བལྟས་པས་སུ།། རྒན་མོ་ལྟོ་མ་མྱོང་ནས་ཤི། ཆོས་ཉིད་མེ་ལོང་གཡའ་དག་གསལ།། ཐེག་པ་རིམ་དགུ་རྒན་མོ་འདྲ།། རྫོགས་པ་ཆེན་པོ་ཁྱེའུ་ཆུང་འདྲ།། མ
150a4 རིག་རྒན་མོ་ལོང་མ་འདྲ།། དབང་བསྐུར་ཁྱེའུ་ཆུང་མཛེས་ལྡན་འདྲ།། ལྟ་བ་རིག་པ་རང་རྩལ་དབང་།། ཉན་ཐོས་གང་ཟག་བདག་མེད་ལྟ།། རང་རྒྱལ་ཆོས་ཀྱི་ཕྱོགས་གཅིག་ལྟ།། བྱང་སེམས་བདེན་པ་གཉིས་སུ
150a5 ལྷ།། ཀྲེ་ཡ་རྗེ་དང་ཁོལ་དུ་ལྟ།། ཡོ་ག་སྤུན་དང་གྲོགས་པོར་ལྟ།། མ་ཧཱ་ཐབས་དང་ཤེས་རབ་ལྟ།། ཨ་ནུ་དབྱིངས་དག་ཡེ་ཤེས་ལྟ།། ཨ་ཏི་ཡོ་ག་ཕྱོགས་མེད་ལྟའོ།། ཞེས་གསུངས་སོ།། ཐིག་ལེ་འདྲེ་རྒྱུད་ཆེན་པོ་ལས།
150a6 ལྟ་བ་སྟོང་རྫོགས་དབང་གི་ལེའུ་སྟེ་དགུ་པའོ།། །། དེ་ནས་མཁའ་འགྲོ་མས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། སྒོམ་པ་རིག་པའི་དབང་ཞུ་འཚལ།། ཅེས་ཞུས་པས། སྟོན་པས་བཀའ་སྩལ་པ།
iiif viewer powered by OpenSeadragon
149b - 150b