e-texts navigator
Collection
Volume
Page
Wylie

100a1 སྟེ།། ཐབས་དང་ཟུར་གྱིས་རྫོགས་ཆེན་མ་བསྟན་ན།། རེ་དོགས་ཁ་ནས་སེམས་ཅན་སྙིང་རྗེ་བས།། ཐབས་དང་ཟེར་གྱིས་དབང་པོ་ཆུག་གིན་སྟོན།། འདུས་བྱས་དགེ་རྩ་བསམ་གྱིས་མི་ཁྱབ་བྱས་པ
100a2 པས།། སྐད་ཅིག་རྫོགས་ཆེན་རྣ་བར་གྲགས་པས་ཆར་མི་ཕོད།། ཅེས་གསུངས་སོ།། རྡོ་རྡོ་སེམས་དཔའ་སྤྱན་གྱི་རྒྱུད་ལས། ཐམས་ཅད་རང་གྲོལ་དུ་བསྟན་པས་སངས་རྒྱས་མངོན་དུ་གྱུར་པ་བསྟན་པའི་ལེའུ་སྟེ་བརྒྱད
100a3 པའོ།། ། འབྲས་བུ་རང་གྲོལ་བཀའ་སྩལ་པ། ནོར་བུ་རིན་པོ་ཆེ་དེ་མི་གཅིག་གིས་རྙེད་པ་དང་འདྲའོ།། དབུགས་མེད་རིག་པ་ཆོས་མིན་སྐུ།། ཐིག་ལེ་ཡེ་ཤེས་སྐུ་ལ་ཐམས་ཅད་རྫོགས།། རང་གྲོལ་ནོར
100a4 བུ་རིན་ཆེན་རྙེད་པས་རྫས་ལ་ཡིད་མི་སྨོན།། ཐིག་ལེ་ཆོས་མིན་ཤེས་པས་འབྲས་བུ་ཞེ་འདོད་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས་འབྲས་བུ་རང་གྲོལ་དུ་བསྟན་པས་རྗེས་སུ་ཡི་རང
100a5 ངོ་།། རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས་ལེའུ་དགུ་པ་རྫོགས་སོ།།




iiif viewer powered by OpenSeadragon

99b - 100b

Texts on this page

Gpb037.032 - thig le gsang ba yang gter zhes bya ba'i rgyud/ byang chub sems dpa' spyan gyi rgyud