| | e-texts navigator
|
93a1 ཅད་འབྱུང་བའི་གཞིར་གྱུར་ཀུན་གྱི་གཞི།། ཀུན་གཞི་བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། མཐའ་དབུས་མེད་ཅིང་ཕྱོགས་དང་བྲལ་བར་གནས།། དོན་དམ་སྙིང་པོ་སྟོང་པའི་རང་བཞིན་ཅན།། ཐམས
93a2 ཅད་གོ་འབྱེད་རྒྱ་ཡོངས་མ་ཆད་པ།། ནམ་མཁའི་བདག་ཉིད་ཐིག་ལེ་ཆེན་པོའི་ངང་།། ཡོངས་ལ་ཁྱབ་པའི་ཆོས་དབྱིངས་ཀུན་གྱི་ལམ།། ཀུན་གྱི་འབྱུང་གནས་ཡོན་ཏན་མཛོད་ཆེན་པོ།། ཟད་མེད་མི་རླག་མི་ཞུམ་རིན
93a3 པོ་ཆེ།། རིན་ཆེན་མངོན་དུ་གསལ་བ་བསྟན་དུ་མེད།། སྨྲར་མེད་བརྗོད་མེད་ཚིག་གི་ཡུལ་ལས་འདས།། དངོས་པོ་མཚན་མ་དག་ལས་རྣམ་པར་གྲོལ།། ཚོགས་བརྒྱད་ཡུལ་དུ་མ་གྱུར་སྙིང་པོ་ཅན།། རྟག་ཆད་ཀུན་གྱི
93a4 མཐའ་དང་རྩིས་ལས་འདས།། ཡོད་མེད་སྟོང་དང་མི་སྟོང་རྣམ་པར་དག། བསམ་དུ་མེད་པའི་གཞལ་ཡས་རྨད་དུ་བྱུང་།། རྨད་བྱུང་ཀུན་བཟང་རྟོག་མེད་ཡངས་པ་ནི།། ནམ་མཁའི་སྙིང་པོ་རང་གསལ་སྣང་བ
93a5 འདིའོ།། ནམ་མཁའ་རྒྱུ་རྐྱེན་བྲལ་བས་ཟག་པ་མེད།། ཟག་མེད་ནམ་མཁའི་རང་བཞིན་སྤུ་གྲི་སོ།། གཅོད་དང་མི་གཅོད་བྱང་ཆུབ་སེམས་ཀྱི་དབྱིངས།། དབྱིངས་ཀྱི་བདག་ཉིད་ལྟ་བ་ཀུན་གྱི་སྤྱི།། ལྟ་བའི་རང་བཞིན
93a6 སངས་རྒྱས་ཀུན་གྱི་མཆོག། སྤྱི་ཡི་ཁྱད་པར་ངོ་བོ་བསྟན་པ་ནི།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་ཡང་།། ལྷུན་གྲུབ་ཡན་ལག་ངོ་བོ་གཉིས་སྣང་སྟེ།། རང་བཞིན་ལྷུན་གྲུབ་ཆོས་སྐུའི་ངོ་བོ་ནི།། རིག་མེད་གསལ
iiif viewer powered by OpenSeadragon
92b - 93b