| | e-texts navigator
|
171b1 སོགས།། ཡོ་བྱད་རྣམས་ལ་ཆགས་ཆུང་སེམས་པ་མེད་པར་གཏོང་།། ལུས་སྲོག་བུ་སྨད་གཡོག་འཁོར་བཅས་པ་ཡང་།། བླ་མ་མཉེས་པར་བྱ་ཕྱིར་འབུལ་བར་བྱེད།། དེ་ལྟ་བུ་ཡི་སྣོད་བཟང་ལྡན་ལ་བསྟན།། སྐྱོ་དུབ
171b2 མེད་པའི་དད་པ་ཅན་ལ་བསྟན།། གྱོང་སེམས་མེད་པའི་མཉེན་ལྕུག་དྲང་ལ་བསྟན།། རྨོངས་པ་མེད་པའི་ཤེས་རབ་ཆེ་ལ་བསྟན།། གསང་ཚིག་ཐུབ་པའི་སྐྱེས་བུ་ཆེན་པོ་ལ།། རང་བཞིན་དོན་མཚོན་བརྡ་ཡི་རྒྱུད་འདི
171b3 བསྟན།། གདམས་ངག་འཚོ་ཤེས་རྣལ་འབྱོར་ཆེན་པོ་ལ།། སངས་རྒྱས་མཚོན་པའི་བསྟན་པའི་རྒྱུད་འདི་གཏད།། རང་བཞིན་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང་།། རང་བྱུང་ཡན་ལག་རྡོ་རྗེ་སེམས་དཔའ་གཉིས།། ཐ་དད
171b4 མེད་དེ་དབྱེར་མེད་གཅིག་གི་ངང་།། གཅིག་ལ་གཏད་ཅིང་བསྟན་པ་མེད་པར་གཏད།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས།། གཏད་རྒྱ་བསྟན་པའི་ལེའུ་སྟེ་ལྔ་བཅུ་ཐམ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ
171b5 སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འདི་ལ་མིང་བཏགས་ངེས་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་རྣམས་ཐམས
171b6 ཅད་འདི་ལས་འབྱུང་བའི་ཕྱིར།། འབྱུང་བའི་འབྱུང་ཁུངས་ཆེན་པོ་ཞེས་ཀྱང་བྱའོ།། ལམ་མེད་ལམ་དུ་བགྲོད་ནས་སྟོན་པའི་ཕྱིར།། ལམ་རྒྱུས་ལམ་མཁན་ཆེན་པོ་ཞེས་ཀྱང་བྱ།། ཆོས་རྣམས་ཐམས་ཅད་འཁྲུལ་ནས
iiif viewer powered by OpenSeadragon
171a - 172a