| | e-texts navigator
|
154b1 པོའོ།། ཆོས་ཉིད་རང་གསལ་མོ་སྟེ་ཤེས་རབ་གསང་།། རིག་པ་ཕོ་སྟེ་ཐབས་ཉིད་པ་ཉིད་པ།། གསང་བ་ཡེ་ནས་ལྷུན་གྲུབ་གསང་བའི་དབང་།། ཐབས་དང་ཤེས་རབ་གཉིས་མེད་བསྐུར་བ་གཉིས།། ཆོས་ཉིད་སྟོང་པ
154b2 ཤེས་པའི་རབ་དེ་མོ།། རང་རིག་རིག་པ་ཐབས་ཏེ་ཡེ་ཤེས་པོ།། ཤེས་རབ་ཡེ་ཤེས་ལྷུན་གྲུབ་གཉིས་མེད་དབང་།། བདེ་བ་མིང་མེད་བསྐུར་བ་དེ་གསུམ་མོ།། མིང་མེད་སྟོང་པར་གསལ་བས་དངོས་མཚན་མེད།། རང
154b3 བྱུང་ཀུན་ལ་ཁྱབ་པས་གསལ་བའི་དབང་།། འགག་མེད་མ་འགགས་དབྱེར་མེད་རིན་པོ་ཆེ།། དབང་གསུམ་ལྷུན་གྲུབ་མིང་མེད་བཞི་པའོ།། རང་བྱུང་ཆོས་སྐུ་མི་རྟོག་རིག་པ་ནང་།། ཡན་ལག་ཤེས་པ་རྟོག་པར་བྱུང་བ
154b4 ཕྱི།། ཕྱི་ཉིད་དངོས་པོ་མཚན་མ་ཀུན་གྱི་གཞི།། ཡན་ལག་རིག་པ་མཚན་མ་ལྷར་གཟུང་སྟེ།། བུམ་པས་དབང་བསྐུར་དང་པོར་བྱུང་བའོ།། ཡན་ལག་རིག་པ་ཆོས་ཉིད་དང་སོང་བས།། ལྷན་ལྷུན་སོང་བ་བྱས་པ་བྱེད
154b5 པར་མཐོང་།། ཆོས་ཉིད་ངང་དང་ཡན་ལག་ཕྲད་པའི་སྒྲ།། གསང་བའི་སྒྲ་བྱུང་གསང་བ་བྱུང་བ་དེས།། གསང་བའི་དབང་བསྐུར་གསང་བ་གཉིས་པར་གཟུང་།། བདེ་བ་དེ་བྱུང་བདེ་བའི་མཆོག་ཉིད་དེ།། བདེ་བའི་ངོ
154b6 བོཔོ་བརྗོད་དུ་མེད་པ་ལ།། ཤེས་པའི་རབ་སྟེ་ཤེས་རབ་སྟོང་པ་ཉིད།། ཡེ་ཤེས་ཡེ་ནས་དེ་བཞིན་ཡེ་ཤེས་དེ།། ཤེས་རབ་ཡེ་ཤེས་དབང་བསྐུར་གསུམ་པ་ཡིན།། བདེ་བའི་ངོ་བོ་མིང་མེད་མཚོན་བྱེད་པ།། རང་བྱུང་ཡན
iiif viewer powered by OpenSeadragon
154a - 155a