| | e-texts navigator
|
147a1 སྟོན་པ་ཀུན་ཏུ་བཟང་པོ་ལ།། ཆོས་ཉིད་རང་བཞིན་གཉིས་སུ་མེད་པ་ལ།། ཕྱི་ནང་སྣོད་བཅུད་གཉིས་སུ་སྣང་བ་དང་།། འཁོར་བ་མྱ་ངན་འདས་པར་བྱུང་བ་འདི།། འདི་ཡི་ངེས་དོན་མིང་བཏགས་ཇི་ལྟ
147a2 བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཕྱི་ནང་སྣོད་བཅུད་འཁོར་བ་མྱང་འདས་ལ།། མིང་གི་འདོགས་ལུགས་རྣམ་པ་གཉིས་སྣང་སྟེ།། རང་བཞིན་ལྷུན་གྲུབ།
147a3 དག་ལ་མིང་བཏགས་དང་།། རྩལ་གྱི་ཡན་ལག་དག་ལས་མིང་བཏགས་པའོ།། རང་བཞིན་ལྷུན་གྲུབ་དེ་ལ་མིང་བཏགས་པ།། ཆོས་སྐུའི་རང་བཞིན་རིག་མེད་འོད་སྣང་ལ།། ཕྱི་ནང་ཡུལ་དང་རྟེན་དང་སྣོད་དུ
147a4 བཏགས།། ཆོས་སྐུའི་རང་བཞིན་འགྱུར་བ་མེད་པ་ལ།། དངོས་པོ་མཚན་མ་རིག་པ་མེད་ལྡན་པས།། མྱ་ངན་འདས་པའི་མིང་དུ་བཏགས་པའོ།། རང་བྱུང་ཡེ་ཤེས་རང་རིག་འོད་ཟེར་ལ།། ནང་དང་བཅུད་ཀྱི་མིང་དུ
147a5 བཏགས་པ་དང་།། ཆོས་སྐུ་རང་ལས་བྱུང་བའི་ཡེ་ཤེས་དེ།། ཆོས་སྒྲ་རང་ལ་འཁོར་ཞིང་རིག་ལྡན་པས།། འཁོར་བའི་ཆོས་ཀྱི་མིང་དུ་བཏགས་པའོ།། རྩལ་གྱི་ཡན་ལག་དག་གི་མིང་བཏགས་པ།། ཡན་ལག་རིག་མེད
147a6 རིག་མ་སྐྱེས་པ་ལ།། ཕྱི་ཡི་ཡུལ་དང་སྣོད་ཀྱི་མིང་དུ་བཏགས།། ཡན་ལག་རིག་སྐྱེས་རྟོག་པར་སྐྱེས་པ་ལ།། རྣམ་རྟོག་འཁོར་བའི་ཆོས་སུ་མིང་བཏགས་པའོ།། ཡན་ལག་རིག་མ་སྐྱེས་དང་རིག་སྐྱེས་དང་།། ནང་དང
iiif viewer powered by OpenSeadragon
146b - 147b