| | e-texts navigator
|
143a1 རྫོགས་པར་འདུག་སྙམ་རྫོགས་པར་གཟུང་།། གཟུང་བའི་བག་ཆགས་རྫོགས་པར་སྣང་བ་སྟེ།། དེ་ལྟར་མདོར་བསྡུས་མིང་བཏགས་འཁྲུལ་ནས་སྣང་།། གནས་པའི་ལྟ་སྤྱོད་འབྲས་བུ་ངེས་པ་ནི།། ཡེ
143a2 ཤེས་དཀྱིལ་འཁོར་རང་བཞིན་ཡོད་པར་མཐོང་།། མཐོང་བའི་དབང་གིས་རང་ཡང་ལྟར་བསྐྱེད་ཅིང་།། སྤྱན་དྲངས་ཕྱག་འཚལ་ལ་སོགས་བྱེད་པ་དང་།། དངོས་གྲུབ་དེ་ཡིས་སྟེར་བར་མཐོང་བ་ཡིས།། འབྲས་བུ་དེ
143a3 བཞིན་གྲུབ་པར་ཐོབ་འདོད་པས།། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པས།། མ་སྐྱེས་རང་སྣང་བསྐྱེད་ན་ལྷར་འགྱུར་བས།། བསྐྱེད་པའི་མ་བསྐྱེད་དངོས་སྣང་ཐབས་ཡིན་པས།། ཡུལ་སེམས་རང་བཞིན་སྟོང་པ
143a4 ཤེས་རབ་བོ།། ཐབས་ལ་ཤེས་རབ་གནས་པས་རང་བཞིན་སྟོང་།། ཤེས་རབ་ཐབས་སུ་སྣང་བས་དངོས་པོ་མཐོང་།། དེ་ཕྱིར་ཐབས་དང་ཤེས་རབ་གཉིས་སུ་མེད།། གཉིས་མེད་སྒོར་མཐོང་གཉིས་མེད་སྒོར་འཇུག
143a5 ནས།། ཐབས་དང་ཤེས་རབ་གཉིས་སུ་ལྟ་བས་ལྟ།། བསྲུང་བའི་དམ་ཚིག་རྩ་བ་ཡན་ལག་གི།། སྐུ་གསུང་ཐུགས་དང་ཉི་ཤུ་རྩ་ལྔ་སྲུང་།། སྤྱོད་པའི་འཕྲིན་ལས་ཏ་ན་ག་ན་སྤྱོད།། སྒྲུབ་པའི་ཐབས་ནི་ཕྱི་ནང་གསང་བ
143a6 སྒྲུབ།། སྒྲུབ་པའི་འབྲས་བུ་ངེས་པར་ཐོབ་པ་ནི།། རབ་ན་རྡོ་རྗེ་སེམས་དཔའ་གྱ་ནོམ་སྣང་།། འགྱུར་མེད་ཕྱག་རྒྱ་ཆེན་པོའི་ས་འཛིན་ཐོབ།། འབྲིང་ན་བསམ་གཏན་བཞི་པའི་ཐ་མར་སྐྱེ།། ཐ་མ་ངན་སོང་གསུམ་དུ་སྐྱེ
iiif viewer powered by OpenSeadragon
142b - 143b