| | e-texts navigator
|
139b1 ནས་འཇུག། སྤྱོད་པའི་འཕྲིན་ལས་ཀྲི་ཡ་བཞིན་དུ་སྤྱོད།། སྲུང་བའི་དམ་ཚིག་ཀྲི་ཡ་བཞིན་དུ་ཡིན་མོད་ཀྱང་།། ཐམས་ཅད་ཀུན་ཏུ་བསྡམས་པ་མ་ཡིན་ཏེ།། ཐབས་ལ་རག་ལུས་ཐབས་དང་ལྡན་པ་ཡིས།། དོན་ཆེན
139b2 ཡོད་ན་ཤ་ཆང་སྤང་མི་དགོས།། རྟོགས་པའི་ལྟ་བ་དཔོན་དང་གཡོག་ཏུ་ལྟ།། སྒྲུབ་པ་ཀྲི་ཡ་ཡོ་ག་ངེས་པ་མེད།། ཨུ་པ་ཡ་ཡི་འབྲས་བུ་ཐོབ་པ་ནི།། དབང་པོ་རབ་ནི་མི་གདུང་ཤིན་ཏུ་མཐོང་།། དབང་པོ་འབྲིང་ན
139b3 བསམ་གཏན་བཞི་རུ་སྐྱེ།། དབང་པོ་ཐ་མ་ངན་སོང་གསུམ་འཁྱམ་མོ།། རིན་པོ་ཆེ་རྒྱས་པ་ཆེན་མོའི་མདོ་ལས། ཨུ་པ་ཡ་འཁྲུལ་སྣང་གི་ལེའུ་སྟེ་བཅུ་དགུ་པའོ།། །། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ
139b4 ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཡོ་ག་ཅི་འཁྲུལ་ཅི་ལས་འཁྲུལ་པ་དང་།། འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ་པ་དང་།། འཁྲུལ་ནས་གནས་པའི་ལྟ་སྤྱོད་འབྲས་བུ་ཡི།། ཐོབ་པ་ས་ཡི་འབྲས་བུ་ཇི་ལྟ།
139b5 བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ལ།། ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་པའི།། རང་བཞིན་ལྷུན་གྲུབ་གནས་པ་མ་རྟོགས་པས།། ཡོ་གའི་མཚན་མའི་ཐེག
139b6 པར་འཁྲུལ་པའོ།། ཡོ་གའི་ཐེག་པ་ཅི་ལས་བྱུང་བ་ནི།། རང་བྱུང་ཡེ་ཤེས་ཡན་ལག་ཟེར་ལས་བྱུང་།། འཁྲུལ་པའི་འདྲ་གཞི་གང་ལས་འཁྲུལ་པ་ནི།། རང་བྱུང་ཡེ་ཤེས་ཟེར་གྱི་ཡན་ལག་གི། རིག་པར་གནས་ཀྱང་རིག
iiif viewer powered by OpenSeadragon
139a - 140a