| | e-texts navigator
|
132a1 འདོད།། སྣང་བའི་ཆོས་རྣམས་ཅི་ལས་བྱུང་བ་ནི།། འབྱུང་བའི་གཡོ་འགུལ་རྩལ་ལས་དངོས་མཚན་འབྱུང་།། དཔེར་ན་མེ་ལོང་གཡའ་དག་གསལ་སྣང་དུ།། གཟུགས་བརྙན་བྱུང་ནས་སྣང་བ་དེ་བཞིན
132a2 དུ།། དངོས་པོ་གཞན་ཞིག་མེད་ན་ག་ལ་འབྱུང་།། སྣོད་བཅུད་ཐམས་ཅད་སེམས་སུ་འདུ་ཤེས་པས།། སེམས་དེ་འབྱུང་བའི་ངོ་བོ་ཡིན་བསྒོམས་པས།། འབྲས་བུ་རྣམ་ཤེས་མཐའ་ཡས་གནས་སུ་གོལ།། ཤ་སྣ་ཅན་དེ
132a3 འཁྲུལ་ནས་སྣང་བ་ལ།། རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས།། རྩལ་གྱི་ཡན་ལག་འདི་ལྟར་སྣང་བ་ནི།། འབྱུང་བའི་ཆོས་ཉིད་ཡེ་ནས་གནས་པར་མཐོང་།། མཐོང་བའི་དབང་གིས་བསྐུར་དུ་མི་བཏུབ
132a4 སྟེ།། དཔེར་ན་མེ་ཏོག་ན་ནིང་མེ་ཏོག་སར།། དོ་ཅིག་མེ་ཏོག་སྐྱེས་སར་གཞན་མི་སྐྱེ།། སྲན་མ་སུ་བཟླུམས་ཚེར་མ་སུས་གཞོགས་ཏེ།། དེ་ལྟར་ཆོས་གནས་པའི་དབང་གིས་ན།། དངོས་པོ་མཚན་མར་སྣང་བ་འདི
132a5 རྣམས་ཀྱང་།། འབྱུང་བའི་ཆོས་ཉིད་དེ་ལྟར་སྣང་བའོ།། གནས་དེ་བཞིན་དུ་འཕོ་བར་སྣང་ན་ཡང་།། རང་རང་འཕོ་བའི་ཆོས་ཉིད་ཡོད་པར་ཟད།། རྟོག་པ་མེད་པར་ཤེས་པ་རྒྱུན་ཆད་དེ།། ཅི་ཡང་མེད་ཅེས་དོན་ཉིད
132a6 བསྒོམས་པ་ཡིས།། འབྲས་བུ་སྐྱེ་མཆེད་མུ་བཞི་གནས་སུ་གོལ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། མུ་སྟེགས་མཚན་མའི་ཐེག་པ་འཁྲུལ་པ་མིང་བཏགས་ནས་སྣང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། སྡུད
iiif viewer powered by OpenSeadragon
131b - 132b