| | e-texts navigator
|
127b1 བཞིན།། སོ་སོར་རྒྱས་པ་གྲངས་མེད་འཁྲུལ་སྣང་བའི།། རྩལ་གྱི་ཡན་ལག་རྟོག་པར་སྐྱེས་པ་དེས།། རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ།། བརྟས་པའི་བདེ་བའི་ལོངས་སྤྱོད་བདེ་བར་མཐོང་།། མཐོང་བའི
127b2 ལོངས་སྤྱོད་ཆེར་ཆགས་དེར་གཡེངས་པས།། དེར་གཡེངས་དེ་ལ་རྟེན་པས་ལེ་ལོར་བྱུང་།། ལེ་ལོ་སྔོན་བཏང་ལེ་ལོ་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོ་མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ།
127b3 བ་ལྟར་བཟུང་སྣང་།། རྩལ་གྱི་ཡན་ལག་རྣམ་རྟོག་སྐྱེས་པ་དེས།། རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ།། བརྟས་པས་དངོས་པོའི་བག་ཆགས་ངན་པར་མཐོང་།། མཐོང་བས་ང་བཟང་སྙམ་སྟེ་ང་རྒྱལ་སྐྱེས།། ང
127b4 རྒྱལ་སྔོན་བཏང་ང་རྒྱལ་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོར་མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ་བ་ལྷ་མིན་གཟུགས།། རྩལ་གྱི་ཡན་ལག་རྣམ་རྟོག་ཡང་སྐྱེས་པས།། རྩལ་གྱི་ཡན་ལག
127b5 དངོས་པོ་བྱུང་བ་ལ།། བརྟས་པས་དངོས་པོ་འདྲ་མཐུན་མཉམ་པར་མཐོང་།། མཐོང་བས་དེ་ལ་ཡོད་སྙམ་ཕྲག་དོག་སྐྱེས།། ཕྲག་དོགས་སྔོན་བཏང་ཕྲག་དོགས་གཙོར་བཟུང་བས།། གཟུང་བའི་བག་ཆགས་མང་པོ
127b6 མཐུ་བརྟས་ཏེ།། བརྟས་པའི་བག་ཆགས་འགྲོ་བ་མི་གཟུགས་སྣང་།། རྩལ་གྱི་ཡན་ལག་རྟོག་པར་ཡང་སྐྱེས་དེས།། རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ།། བརྟས་པས་ཤེས་པར་མ་མཐོང་མ་ཤེས་མཐོང་།། མ
iiif viewer powered by OpenSeadragon
127a - 128a