| | e-texts navigator
|
122a1 ཡོན་ལྔ་ཡི་རིགས་མཐུན་དང་།། འདྲ་མཐུན་འདུས་པའི་འདོད་ཡོན་མིང་མེད་ལ།། ཡན་ལག་རྟོག་སྐྱེས་རིགས་མཐུན་མིང་བཏགས་པ།། ནམ་མཁའ་གསལ་ལ་དྲངས་པ་གཟུགས་སུ་འདུག། ལྟ་བའི
122a2 ཡུལ་ཡིན་སྙམ་སྟེ་གཟུགས་སུ་གཟུང་།། བཟུང་བས་མིང་གི་གྲིབ་མས་གཟུགས་སུ་སྣང་།། དེ་ནས་རང་གི་ལོག་རྟོག་སྐྱེས་པ་དེས།། མེ་ལ་ཚ་བ་དང་དྲོ་བ་སྨིན་པ་དེ།། མཉན་པའི་ཡུལ་ཡིན་སྙམ་སྟེ་སྒྲ་རུ
122a3 གཟུང་།། བཟུང་བས་མིང་གི་གྲིབ་མས་སྒྲ་རུ་སྣང་།། དེ་ནས་རང་གི་ལོག་རྟོག་ཡང་སྐྱེས་པས།། ཆུ་ལ་བརླན་དང་གཤེར་བ་སྦྲེངས་པ་འདི།། རོར་འདུག་མྱང་རྒྱུར་འདུག་སྙམ་རོ་རུ་གཟུང་།། གཟུང་བས་མིང་གི་བག།
122a4 ཆགས་རོར་སྣང་བའོ།། དེ་ནས་རང་གི་ལོག་རྟོག་ཡང་སྐྱེས་པས།། རླུང་ལ་ཡང་ཞིང་གཡོ་བ་བསྐྱེད་པ་འདི།། དྲིར་འདུག་སྣོམ་པའི་ཡུལ་ཡིན་དྲི་རུ་གཟུང་།། གཟུང་བས་མིང་གི་གྲིབ་མས་དྲིར་སྣང་བའོ།། དེ་ནས་རང
122a5 གི་རྣམ་རྟོག་ཡང་སྐྱེས་པས།། ས་ལ་སྲ་ཞིང་བརྟགས་ལ་འདེགས་པ་འདི།། འཇམ་རྩུབ་འདུག་སྙམ་རེག་བྱའི་ཡུལ་དུ་གཟུང་།། གཟུང་བས་མིང་གི་བག་ཆགས་རེག་བྱར་སྣང་།། དེ་ལྟར་འདོད་ཡོན་རྣམ་ལྔའི་བག
122a6 ཆགས་དེ།། སྙིང་པོ་ཉིད་དང་ཡན་ལག་སེམས་ལ་ཆགས།། ཆགས་པའི་བག་ཆགས་འདོད་ཡོན་ལྔར་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་མདོ་ལས། ཡན་ལག་འདྲ་འཐུན་ལྔའི་རྩལ་སྣང་བ་ལ་ཉོན་མོངས་པ་ལྔའི
iiif viewer powered by OpenSeadragon
121b - 122b