| | e-texts navigator
|
120b1 སྟོང་གོ་འབྱེད་འདུག་སྙམ་ནམ་མཁར་གཟུང་།། བཟུང་བས་རང་ལ་ནམ་མཁར་རང་སྣང་བའོ།། ས་ཡི་རིགས་མཐུན་མིང་བཏགས་སྣང་བ་ནི།། རང་བྱུང་ཡན་ལག་འགྱུར་མེད་མི་འགྱུར་ལ།། བརྟས་འཐས་མཁྲང་དང
120b2 སྲ་བ་བརྟན་པ་དང་།། འདེགས་འདུག་ས་ཡིན་སྙམ་གཟུང་སར་སྣང་བས།། སྣང་བས་རང་ཡང་འབྱུང་བ་སར་སྣང་བའོ།། ཆུ་ཡི་རིགས་མཐུན་མིང་བཏགས་སྣང་བ་ཡང་།། རང་བྱུང་ཡན་ལག་གཡོ་མེད་མི་གཡོ
120b3 ལ།། ལྡེམ་མེར་བརླན་དང་སྦྲེངས་དང་གཤེར་བ་ཡི།། སྡུད་འདུག་ཆུ་ཡིན་སྙམ་གཟུང་ཆུར་སྣང་བས།། སྣང་བས་རང་ལ་འབྱུང་བ་ཆུར་སྣང་བའོ།། མེ་ཡི་རིགས་མཐུན་མིང་བཏགས་སྣང་བ་ནི།། རང་བྱུང་རྩལ་གྱི་ཡན།
120b4 ལག་སྙིང་པོའོ།། རྒྱ་ཆད་མེད་དང་རྒྱ་མ་ཆད་པ་ལ།། ཕྲད་དྲོ་ཚ་དང་འཚིག་སྲེག་སྨིན་བྱེད་དང་།། མེ་ཡིན་སྙམ་ནས་མེར་གཟུང་མེར་སྣང་བས།། སྣང་བས་རང་ལ་འབྱུང་བ་མེར་སྣང་བའོ།། རླུང་གི་རིགས་མཐུན་མིང
120b5 བཏགས་སྣང་བ་ནི།། རང་བྱུང་ཡན་ལག་འགག་མེད་མི་འགགས་ལ།། ཡང་གཡོ་ལྡང་དང་འགུལ་བ་ལྡེག་པ་དང་།། སྐྱོད་པར་བྱེད་པ་རླུང་ཡིན་རླུང་གཟུང་བས།། བཟུང་བས་རང་ལ་བྱུང་བ་རླུང་སྣང་བའོ།། དེ་ལྟར
120b6 འབྱུང་ལྔ་དངོས་པོ་སྣང་བ་ཡི།། འདྲ་མཐུན་རིགས་མཐུན་འདྲ་འདུས་མིང་མེད་ལ།། ཡན་ལག་རིགས་མཐུན་མོས་མཐུན་མིང་བཏགས་པས།། རང་ལ་འབྱུང་ལྔའི་མཚན་མར་དངོས་པོར་སྣང་།། སྣང་བའི་ཡན་ལག
iiif viewer powered by OpenSeadragon
120a - 121a