| | e-texts navigator
|
84a1 གྲུབ།། མ་འདས་པའི་རྣལ་འབྱོར་པས་རྫོགས་པ་ཆེན་ཟའི་དོན་ཉམས་སུ་བླང་བར་བསྟན་པའི་ལེའུ་རྩ་སུམ་ཅུ་གསུམ་པའོ།། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཚེའི་རྒྱུད་རྫོགས་སོ།།
84a2 རྒྱ་གར་སྐད་དུ་བོ་དྷི་ཙིཏྟ་མ་ཧཱ་སན་དྷི་ཁ་ས་མེ་ཨ་ལང་ཀ་ར་ཏན་ཏྲ་རཱ་ཛ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་མཁའ་མཉམ་ཀློང་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ
84a3 སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསང་བའི་ལོངས་སྤྱོད་མངའ་མཛད
84a4 ཅིང་མི་ཕྱེད་པ་ཆེན་པོ། ཆོས་ཐམས་ཅད་དང་གཉིས་སུ་མེད་པར་བཞུགས་པ། ནམ་མཁའི་མཐའ་ཀླས་པར་ལོངས་སྤྱོད་པ། སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེ་ལྟར་རྣམ་པར་བསྒྱིངས་པ། ཁམས་གསུམ་པ་བདེ་བ
84a5 ཆེན་པོའི་ཀློང་དུ་ཤར་བར་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་ཅིང་བྱིན་རླབས་ཟད་པ་མི་མངའ་བའི་དབང་ཕྱུག། འགྲོ་བ་ཉོན་མོངས་པ་རྒྱུ་འབྲས་ཀྱི་ཡེ་ཤེས་ཆེན་པོར་སྦྱོར་བ། ནམ་མཁའི་དབྱིངས་ལ་མངའ
84a6 མཛད་པའི་ཐབས་མངའ་བའི་རྒྱལ་པོ། འཇིག་རྟེན་ཉི་མ་ཤར་བའི་མ་རིག་པའི་མུན་པ་སེལ་བ། ཡེ་ཤེས་ཀྱི་ཉི་མས་ཀུན་ལ་ཐུགས་རྗེ་ཆེན་པོས་བརྡལ་བ། དེ་བཞིན་ཉིད་ཀྱི་ནམ་མཁའ་ཆེན་པོས་འཇོག་པ་དེས། འོག
iiif viewer powered by OpenSeadragon
83b - 84b