e-texts navigator
Collection
Volume
Page
Wylie

46b1 ངག་མི་ཉན།། མཁས་པ་མིན་ཞེས་སྨྲ་བྱེད་ཅིང་།། ཤེས་པ་བདག་དང་སྦྱིན་པར་ནུས།། གཞན་དང་བསྡོངས་ནས་གསད་པར་སེམས།། ངུ་འབོད་གནས་སུ་དེ་སྐྱེ་སྟེ།། ན་རག་ལས་ནི་ཐར་མི་སྲིད།། འཇིག་རྟེན་འདི
46b2 སྲོག་འཇོམས་པར་ནུས།། སློབ་དཔོན་བླ་མར་གྱུར་པས་ཀྱང་།། ཕ་མ་གཉིས་ཀྱི་ངག་མི་བཅག། ཡི་དམ་སེམས་ཀྱི་འཇིངས་སུ་གཅད།། མན་ངག་སེམས་ལ་བལྟ་ཞིང་སྤྱོད།། སྤྱོད་པ་རྒྱ་མཚོ་ཀློང་ལྟར་གནས།། ལྟ་བ
46b3 དུས་གསུམ་ཀུན་བཟང་དང་།། སྒོམ་པ་བསྒོམ་དུ་མེད་པར་བསྒོམ།། ཆོས་ཉིད་ཀློང་ལས་མ་ཉམས་ན།། དམ་ཚིག་གཉིས་བརྒྱ་རྩ་གཅིག་རྫོགས།། ཐེག་པ་མ་ལུས་ལྷུན་གྱིས་གྲུབ། ཁམས་གསུམ་མ་ལུས་ཡེ་སངས
46b4 རྒྱས།། སྣོད་བཅུད་མ་ལུས་གདོད་བྱང་ཆུབ།། མཉམ་པའི་སྙིང་པོར་གྱུར་པ་ལ།། རྡོ་རྗེ་སློབ་དཔོན་ཞེས་བྱའོ།། སློབ་དཔོན་གྱིས་སློབ་མ་གསོད་པར་བསམས་ན། ངན་འགྲོར་སྐྱེ་བའི་དམིགས་བསྟན་པའི་སྐབས།།
46b5 ངེས་པ་ཅེས་སྒྲ་བློར་མི་འཇོགས།། སློབ་བུ་གསད་པར་སེམས་ཤིང་དགའ།། ཡོན་ཏན་ཡོད་པའི་མི་ལ་སྨོད།། ཚིག་ལ་ལྟ་ཞིང་དོན་མི་ལྟ།། ཕ་རོལ་པོ་ལ་དུག་བཏང་ནས།། བརྒྱལ་བར་བྱས་པ་ཐིག་ནག
46b6 སྐྱེ།། སྲོག་འཇོམས་པ་ཡི་གཉེན་པོར་ནི།། གྱུར་ནས་ཐིག་ནག་འདྲ་བར་གྱུར།། དེ་ཡི་རི་ཟུང་བསྟན་པ་ནི།། སུམ་ཅུ་རྩ་གསུམ་ལོ་གྲངས་བརྒྱ།། མན་ངག་ཟབ་མོའི་སློབ་དཔོན་ལ།། ཚིག་གཅིག་སྲོག་ལུས་གང་འབུལ




iiif viewer powered by OpenSeadragon

46a - 47a

Texts on this page

Gpb034.014 - rdo rje sems dpa' nam mkha' che rtsa ba'i rgyud skye ba med pa