e-texts navigator
Collection
Volume
Page
Wylie

2a1 ཅེས་གསོལ་ཏོ།། ཀྱེ་གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱི་ཇོ་བོར་བཞུགས་པས། འཁོར་འདུས་པ་རྣམས་ལ་རྫོགས་པ་ཆེན་པའི་དོན་མན་ངག་བཞི་འདུས་པར
2a2 བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཡེ་ཤེས་གསང་བའི་རྒྱལ་པོ་དེས། ཆོས་ཀྱི་དབྱིངས་ལས་བཞེངས་ཏེ།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་སེམས
2a3 དཔའ་ཆེན་པོ་ཉོན་ཅིག། ཨེ་མ་ཧོ། ཨེ་མ་ཧོ། ཨེ་མ་ཧོ། ངོ་མཚར་རྨད་དུ་བྱུང་བའི་ལྟ་བ་ཆེན་པོའི་ཆོས་ཡེ་ནས་སངས་རྒྱས་པའི་དོན་བསྟན་གྱིས། རྡོ་རྗེ་སེམས་དཔའ་ཉོན་ཅིག། འདི་ལྟ
2a4 སྟེ། འཁོར་དང་མྱ་ངན་འདས་པའི་ཆོས།། བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན།། བྱང་ཆུབ་སེམས་སུ་གསལ་བ་ཡང་།། སེམས་ལ་སྐད་ཅིག་གཉིས་མེད་དེ།། ཐམས་ཅད་རང་བྱུང་ཡེ་ཤེས




iiif viewer powered by OpenSeadragon

1b - 2b

Texts on this page

Gpb034.012 - rdzogs pa chen po ye shes gsang ba'i rgyud