| | e-texts navigator
|
6a1 མེད་དང་གནས་དོན་ལྔ་པ།། བསྐུར་དབང་རྩོལ་བྲལ་རྗེས་ཀྱང་ལམ་བགྲོད་མེད།། ལམ་ལ་བགྲོད་མེད་དང་གནས་དོན་བཞི་པ།། ལམ་བགྲོད་མེད་པས་ས་ལ་སྦྱང་དུ་མེད།། ས་ལ་སྦྱང་མེད་དང་གནས
6a2 དོན་བདུན་པ།། ས་སྦྱང་མེད་པས་སྤྱོད་པ་བླང་དོར་མེད།། བླང་དོར་གཉིས་མེད་དང་གནས་དོན་བརྒྱད་པ།། བླང་དོར་གཉིས་མེད་ཡེ་ཤེས་སྒྲིབ་མེད་པས།། ཡེ་ཤེས་སྒྲིབ་མེད་དང་གནས་དོན་དགུ་པ།། ཡེ་ཤེས
6a3 བཙལ་མེད་ལྷུན་གྲུབ་རང་གནས་པས།། ལྷུན་གྲུབ་བཙལ་མེད་དང་གནས་བརྒྱད་ཅུ་པའོ།། རྒྱུད་ཀྱི་སྐབས་སྦྱར་དོན་འཁྲིགས་བསྟན་པའི་ཕྱིར།། དེ་ཡི་ལྡེ་མིག་བརྒྱད་ཅུ་གཅིག་པས་བསྟན།། ངོ་མཚར་སྐྱེས་ནས
6a4 བསྟོད་པ་བསྟན་པའི་ཕྱིར།། དོན་གྱི་བསྟོད་པ་བརྒྱད་ཅུ་གཉིས་པས་བསྟན།། དེ་ལ་སྣོད་བཅུད་བྱེ་བྲག་བསྟན་པའི་ཕྱིར།། གདམས་ངག་སྣོད་ལ་གཞག་པ་གྱ་གསུམ་པ།། མཚན་གྱི་ཆེ་བ་བསྟན་ཅིང་གཏད་པའི
6a5 ཕྱིར།། འཁོར་ལ་རྒྱུད་གཏད་བརྒྱད་ཅུ་བཞི་པས་བསྟན།། སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་ཉོན་ཅིག། དེ་དག་དང་ནི་དེ་ལྟར་ཤེས་པར་གྱིས།། ཐོས་པས་སྒྲོ་འདོགས་ཆོད་པས་ཤེས་བྱ་གཞི།། བསམས་པས་ངེས་ཤེས
6a6 སྐྱེས་པས་ཤེས་བྱ་ལམ།། སྒོམ་པ་རང་གནས་རང་སར་གྲོལ་བས་འབྲས།། ཡེ་ནས་ལྷུན་གྲུབ་རྣལ་འབྱོར་བཞི་ཏུ་གནས།། དེ་ཉིད་གསལ་བྱས་རྣལ་འབྱོར་རྐྱེན་དུ་སྣང་།། ཁྱད་པར་སྔོན་གྲོལ་རྣལ་འབྱོར་འབྲས་བུ
iiif viewer powered by OpenSeadragon
5b - 6b