e-texts navigator
Collection
Volume
Page
Wylie

40a1 བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཁམས་གསུམ་ལས་འདས་ཡིད་བཞིན་ནོར་བུ་རིན་པོ་ཆེ།། བགྲོད་མེད་རྣམ་པར་གྲོལ་བའི་ལམ་སྟོན་པ།། གཞན་ནས་བཙལ་བར་རྙེད
40a2 པར་མི་འགྱུར་ཏེ།། ཐིག་ལེ་ཆེན་པོ་ཀུན་ལ་ཁྱབ་པར་གནས།། རང་བྱུང་ཡེ་ཤེས་མ་བཅོས་འོད་གསལ་བ།། བདེ་ཆེན་བཙལ་དུ་མེད་པས་སྙིང་པོའི་དོན།། སྣང་མཛད་ཉིད་ནི་རྟག་པར་ཀུན་ཏུ་བཟང་།། གཉིས་མེད
40a3 བདེ་བའི་ངང་སྟེ་ལྷུན་གྱིས་གྲུབ།། གཡུང་དྲུང་ཆེན་པོའི་ཀློང་དུ་ཤར་བ་ཡིས།། བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས་པ་ཡང་།། རྟོག་དཔྱོད་མཚན་མ་ཀུན་ལས་འདས་པའི་ཕྱིར།། དྲང་སྲོང་ཆེན་པོ་ཉིད་ཀྱི་སྤྱོད་ཡུལ
40a4 ཡིན།། ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ།། ཤེས་ཏེ་རྟོག་པའི་ཀློང་དུ་མཉམ་གཞག་ནས།། གྲུབ་པའི་ཁྱད་པར་མངོན་དུ་ཤར་བའི་ཚེ།། ཁམས་གསུམ་ཀུན་ཀྱང་བདག་གི་ཞབས་ལ་འདུད།། བྱང་ཆུབ
40a5 ཀྱི་སེམས་ཁམས་གསུམ་སྒྲོན་མ་རྫོགས་སོ།། །།




iiif viewer powered by OpenSeadragon

39b - 40b

Texts on this page

Gpb034.009 - byang chub kyi sems khams gsum sgron ma