| | e-texts navigator
|
7a1 ཡིན་ཕྱིར་ཅི་ཡང་བསམ་མི་ཁྱབ།། གྲུབ་པའི་མཐའ་མི་སྤྱོད་པ་བསམ་པའི་མཆོག། ཡུལ་དང་དབང་པོར་མི་འབྱེད་ལྷུག་པར་བཞག། དབང་པོ་ཡུལ་ལ་ཡན་པ་བརྟུལ་མི་བྱ།། ཡུལ་ལ་མ་གཞིག་ཡེ་ནས་དེ
7a2 བཞིན་ཉིད།། ཇི་བཞིན་ཡུལ་ལ་དེ་བཞིན་མི་འབྱེད་པ་ཉིད་མཆོག། ཀུན་བཟང་ཡངས་པའི་མཁའ་དེར་ཐམས་ཅད་ལམ་གྱིས་རྫོགས། ཁུ་བྱུག་དུས་བསྲུང་ནམ་ཟླ་དགོས་བསྒྲུབ་ལྟར།། གཞན་གྱིས་ཇི་ལྟར་རང་རྒྱུད
7a3 སྦྱངས་ཏེ་གཞུང་བསྙེགས་ཀྱང་།། དགོས་དོན་རྫོགས་ཆེན་མ་གྲུབ་བར་དུ་བྱང་ཆུབ་མེད།། དེ་ཕྱིར་རྣལ་འབྱོར་དོན་ལ་འཇུག་པ་རྣམས་ཀྱིས་ཀྱང་།། འདི་ལ་མི་བསྒོམ་མི་བཙལ་རང་སར་དེ་བཞིན་བཞག། ཕྱག་རྒྱ་སྐུ
7a4 རུ་བསྒོམ་པ་གོལ་ས་ཡིན།། རྒྱུ་འབྲས་གཉིས་སུ་འབྱེད་པ་འཁྲུལ་པའི་ལམ།། བདེན་པ་གཉིས་མེད་དེ་བས་མིང་ཡང་མེད།། དགེ་སྡིག་གཉིས་མེད་སྡིག་པ་བྱས་པ་མཆོག། སྦྱོར་བའི་ཡུལ་མེད་སྣང་སྲིད་ཡེ་སངས
7a5 རྒྱས།། གང་ཡང་མི་སྐྱེ་མི་འགག་ཅིར་ཡང་དགོངས་སུ་མེད།། རྒྱལ་བའི་ཡུལ་དུ་གྱུར་པས་དེ་བཞིན་ཉིད།། ཅེས་ཀྱང་བསྒོ་བ་མེད་པས་ནམ་མཁའི་ཀློང་།། དེ་བཞིན་གྱི་ནར་མ་བཅོས་དེ་ཉིད་རང་བཞིན་བཞག། བདེ
7a6 བ་ཆེན་པོའི་རྒྱུད་ལས། གསང་བའི་མན་ངག་གི་སྙིང་པོ་རྫོགས་པ་ཆེན་པོ་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རྡོ་རྗེ་འཛིན་པས་བཅོམ་ལྡན་འདས་ལྟ་བ་ཞེས་བྱ་བ་ཇི་ལྟར་ལགས། ཞེས་གསོལ
iiif viewer powered by OpenSeadragon
6b - 7b