| | e-texts navigator
|
76b1 རུ་གཞུག། ངག་གི་ཉེས་པ་བསལ་བའི་ཕྱིར།། སོ་ཤིང་བྱིན་ལ་སོ་རྩ་བྲུད།། ཕྲིན་ལས་བཞི་ཡི་དངོས་གྲུབ་བརྟགས།། སྲུང་བའི་ལྷ་མོས་བྱིན་བརླབས་པའི།། བསྲུང་སྐུད་དཔུང་པ་གཡས་གཡོན་གདགས།། སྣོད་དུ
76b2 རུང་དང་མི་རུང་བ།། བརྟགས་ཤིང་བསྡམས་ཤིང་སྦྱིན་པར་བྱའོ།། ལུས་ཀྱི་ཉེས་པ་བསལ་བའི་ཕྱིར།། བུམ་པ་གང་བ་སོ་སོའི་དབང་།། མིང་དང་བུམ་པ་ཕྲེང་བ་དང་།། ཅོད་པན་དྲིལ་བུ་རྡོ་རྗེའི་དབང་།། མེ་ཏོག
76b3 རྣམས་ནི་ཕན་པའི་དབང་དུ་འདོད།། བྷན་དྷ་ཕུར་པ་ལ་སོགས་ཇི་སྙེད་པ།། རྡོ་རྗེ་རྒྱལ་པོའི་དབང་ནི་ཡིན་པར་འདོད།། དེ་ལྟར་སྔགས་མཁན་རྒྱལ་པོ་མཁས་པ་ཡིས།། ངག་གི་དབང་གི་རྫས་རྣམས་བརྟེན་པར
76b4 འདོད།། ཕྱག་རྒྱ་ཡུམ་མཆོག་པདྨའི་སྣོད་ཆེན་དེ།། རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས་དང་ནི།། གལ་ཏེ་གདོལ་པའི་བུ་མོ་གྲགས་མོ་རྒྱལ།། རྡོ་རྗེ་བེའུ་ལྟར་གཞིབས་ཏེ་ལུས་ནི་གདན་དུ་བྱ།། དེ་བཞིན་གསང
76b5 བའི་དབང་ནི་སྦྱིན་པར་བྱ།། བསམ་གཏན་དངོས་པོ་སྒྲུབ་པའི་ཕྱིར།། ཤེས་རབ་མ་ཡི་དབང་ཡང་སྦྱིན།། རྡོ་རྗེ་རིགས་དང་པདྨའི་རིགས།། ལས་ཀྱི་རིགས་དང་རིན་ཆེན་རིགས།། དེ་བཞིན་གཤེགས་པའི་རིགས
76b6 རྣམས་ཀྱིས།། བུ་མོ་བཅུ་གཉིས་བཅོ་ལྔ་དང་།། ཉི་ཤུ་རྩ་གཉིས་སུམ་ཅུ་ལྔ།། ཡང་ན་རྩ་ལྔ་བཅུ་དྲུག་གོ།། མང་པོར་ཐོས་ལ་དད་པ་ཡོད།། ཐེག་པའི་སྒོ་ཡང་མང་དུ་ཤེས།། པདྨ་ཅན་གྱི་བུ་མོ་དེ།། ལུས་ལ་བདེ་བ་ཇི
iiif viewer powered by OpenSeadragon
76a - 77a