| | e-texts navigator
|
58b1 རྟོག་རྟོག་པའི་ཡུལ་ལས་འདས།། ཡུལ་ལ་མི་འཛིན་སྤང་དང་ལེན་མེད་པས།། མེད་པ་ཕྱལ་པ་གཅིག་ཏུ་ལྷུན་གྲུབ་སྟེ།། བསྲུང་བར་བྱ་བའི་ཚུལ་ཁྲིམས་ཀུན་དང་བྲལ།། ཀུན་བཟང་ང་ལ་བསྲུང་བའི་དམ་ཚིག
58b2 མེད།། རྒྱུ་རྐྱེན་མེད་པས་རྩོལ་ཞིང་བསྒྲུབ་མི་དགོས།། ལྷུན་གྱིས་གྲུབ་པས་སྤྱད་པའི་ལས་མི་དགོས།། ཡེ་ནས་ཡིན་པས་ཤེས་པར་བྱ་མི་དགོས།། རང་བྱུང་ཡིན་པས་རྒྱུ་དང་རྐྱེན་མི་དགོས།། བཟང་ངན་མེད་པས
58b3 བླང་དོར་བྱ་མི་དགོས།། དངོས་པོ་མེད་པས་མེད་པ་ཞེས་སུ་བཤད།། དངས་ཚ་དངོས། སུ་མི་ཡོང་ཡེ་ཤེས་མ་འགགས་པས།། དེ་ལ་ཕྱལ་པ་ཞེས་སུ་བཏགས་པ་ཡིན།། སེམས་སུ་ཀུན་གཅིག་གཅིག་པུར་བཏགས
58b4 པ་ཡིན།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར།། ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བཤད།། ཆོས་ཉིད་རང་བཞིན་ཅིར་ཡང་འགྱུར་མེད་པས།། བཙལ
58b5 བར་གྲུབ་པར་ང་ཡིས་ལུང་མ་བསྟན།། བཀྲེས་སྐོམ་ཚ་གྲང་བླུན་ལྐུགས་ཆོས་ཉིད་ལ།། སྐུ་གསུམ་འཁོར་དངངས་འགྲོས་པའི་ཆོ་ག་དྲུག། རང་བྱུང་ཡིན་པས་བཙལ་ཞིང་བསྒྲུབ་མི་དགོས།། རྒྱུ་ཉིད་རང་བྱུང་ཡེ་ཤེས
58b6 ན་པའི་ཕྱིར།། ལས་ཀྱི་རྐྱེན་གྱིས་དབང་དུ་དེ་མི་འགྲོ།། རང་བྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས།། རྒྱུ་རྐྱེན་ལས་ཀྱིས་རང་བྱུང་དེ་མི་འགྲུབ།། ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས།། བདེན་པ་གཉིས་ཀྱིས
iiif viewer powered by OpenSeadragon
58a - 59a