| | e-texts navigator
|
50b1 གཟུགས།། གཟུགས་ལ་ངེས་པ་མེད་པ་སྣ་ཚོགས་སྤྲུལ་པའི་སྐུ།། སེམས་ཉིད་སྐྱེ་མེད་གཅིག་ལས་སྣ་ཚོགས་འབྱུང་བས་ན།། མེད་བཞིན་སྣ་ཚོགས་འབྱུང་བས་སྦྲུལ་སྐུ་ཡིན་པས་གསུངས།། སྦྲུལ་སྐུ་ཡིན་མིན་དྲན་པ
50b2 བརྟག་པར་རིགས་སོ་ཡང་།། འཁོར་དང་མྱང་འདས་གཉིས་ཀ་སྤྲུལ་པ་འདྲ་བ་ལ།། འོག་མ་རྣམས་ནི་མྱང་འདས་སྤྲུལ་པས་གསུངས་པ་ཡིན།། སྐྱེ་མེད་རྟོགས་ན་སྤྲུལ་པ་ཡོན་ཏན་མཉམ་པར་གསུངས།། དེ་བས
50b3 ཁམས་གསུམ་སྐུ་གསུམ་དབྱིངས་སུ་གྲོལ་བ་ཡིན།། གཅིག་ལ་མ་ཡིན་ཀུན་ལ་གྲོལ་བས་ཡོངས་གྲོལ་ཡིན།། ཡོངས་ན་ནམ་མཁའི་ཁམས་སུ་སྤྲིན་དང་ན་བུན་གྲོལ་བ་བཞིན།། སྐྱེ་མེད་དབྱིངས་སུ་ཁམས་གསུམ་དང
50b4 གིས་གྲོལ་བ་ཡིན།། པ་ཤི་བུ་སྐྱེ་ཕ་ལ་བུ་ཡིས་རྩིས་མེད་བཞིན།། སྔ་གྲོལ་ཕྱིས་སྲིད་སྔ་མས་ཕྱི་མའི་གཉེར་སུས་བྱེད།། དེ་བས་སྲིད་གསུམ་རྣམ་དག་མཚན་མ་རང་སར་དག། སྔ་ཕྱི་རེ་དོགས་མི་བྱེད་ཀུན་བཀའ་ལ
50b5 གནས།། འདོད་ཆགས་ཞེ་སྡང་གཏི་མུག་གཏན་ནས་བརླག། ཡུལ་ལ་འདས་པར་གོ་ན་ཡུལ་སྣང་དང་དུ་རྫོགས།། དགོངས་པའི་མཐར་ཐུག་དགོངས་པ་ཀུན་ལས་འདས་པ་ཡིན།། ཡོངས་གྲོལ་དུ་ལ་བཟླའ་བའི་ལེན
50b6 སྟེ་བཅུ་པའོ།། །། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། བློ་ཟག་བཅད་ཅིང་བསྟན་པ་གཏན་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པ
iiif viewer powered by OpenSeadragon
50a - 51a