e-texts navigator
Collection
Volume
Page
Wylie

109b1 ཡིན།། བདག་ཉིད་རྫོགས་པའི་དཀྱིལ་འཁོར་ནི།། ཀུན་གཞི་ཆོས་སྐུ་ཆེན་པོ་ཡིན།། ལོངས་སྤྱོད་རྫོགས་པ་མ་འདྲེས་ཡིད།། ཚོགས་དྲུག་སྤྲུལ་པ་རྒྱ་ཆེན་པོ།། བརྐམ་ཆགས་ལྔ་ཉིད་རིགས་ལྔ་ཡིན།། རྣམ་ཤེས་གཅིག
109b2 བདག་རིགས་གཅིག་ཉིད།། ཤེས་པའི་བྱེ་བྲག་རྣམས་མཐའ་ཡས།། རྒྱལ་བ་རྡུལ་སྙེད་འཇིག་རྟེན་སྒྲོལ།། ཙིཏྟ་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་གནས་ཆེན་མུ་མཐའ་ཡས།། སྒྲ་སྐད་མ་ལུས་རྣམས་མང
109b3 ཡང་།། མི་བཟད་རྒྱན་གྱི་འཁོར་ལོའི་གསུང་།། གཟུང་མཆོག་སྐུ་ཡི་དཀྱིལ་འཁོར་རྫོགས།། དྲན་རྟོག་སེམས་ཀྱི་རྒྱུ་བ་ཀུན།། མི་ཟད་རྒྱན་གྱི་འཁོར་ལོ་ཐུགས།། སྣོད་བཅུད་ཡེ་ཤེས་དཀྱིལ་འཁོར་ཡིན།། སེམས་ཉིད
109b4 རབ་འབྱམས་དཀྱིལ་འཁོར་ཡིན།། དུས་གསུམ་ཁམས་གསུམ་བདག་ཉིད་ཅན།། བརྐམ་ཆགས་དྲུག་གི་མཚན་ཉིད་ནི།། རྒྱུ་དྲུག་གནས་པའི་སེམས་ཅན་ཡིན།། རྩ་དྲུག་ས་བོན་བདག་ཉིད་ཅན།། ཙིཏྟ་འཁོར་ལོ་རིན
109b5 པོ་ཆེ།། ཟག་པ་ཟད་པའི་མཚན་ཉིད་དེ།། རྩ་གསུམ་འདུས་པའི་ཐིག་ལེ་གཅིག། རྩ་བཞི་ཐིག་ལེར་བཅས་པ་ནི།། ཡེ་ཤེས་ལྔ་ཡི་བདག་ཉིད་སེམས།། རྩ་བརྒྱད་ཐིག་ལེའི་རང་བཞིན་ནི། ཁྱད་པར་དབང་པོའི་ལམ
109b6 དང་འབྲེལ།། རྩལ་རྣམས་བདེ་བའི་ཐིག་ལེ་ལས།། དྭངས་མ་ཕྱི་ནང་མཚན་ཉིད་ཅན།། ནམ་མཁའི་ཁམས་ཀྱི་ཕྱོགས་ཆ་ན།། ཡེ་ཤེས་གཉིས་མེད་ཐིག་ལེའི་ངང་།། དབུས་ཀྱི་ཐིག་ལེ་ཆེན་པོའོ།། ཕྱོགས་མཚམས




iiif viewer powered by OpenSeadragon

109a - 110a

Texts on this page

Gpb033.007 - chos thams cad sems nyid ye shes rgyal po zhes dngos grub rang byung dbang bskur ba'i rgyud