| | e-texts navigator
|
96b1 ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རཱ། ཀཾ་ཀ་རོ། ཏཱི་ཏི་ཀུ་རུ་ཤོ་ཀཾ་ཀ་རཱ། ཀཾ་ཀ་རི་ཤི་རི་རི། རི་རི། རི་རི་ཏི། རི་ཕུ་སྭཱ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། རི་ཕུ། ནཱ་ནཱ་ཐ། ནཱ་ན་ཐ། རི་ཕུ་རི་ཕུ། ནཱ་ནཱ་ཟ།
96b2 ནིརྒཙྪ་ཏ། རི་ཕུ་རི་ཕུ། ནིརྒཙྪ་ཏེ། པཱ་ལ་ཡ་ཏ། རི་ཕུ་རི་ཕུ། པཱ་ལ་ཡ་ཏ། སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས
96b3 པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པ་གཤེགས་ཀྱི། ཀྵི་ཕྲེཾ་ན་ནིརྒཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ
96b4 སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ་པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམ་ཆགས་པ།། རྣམ་འཇོམས་དྲི་མ་མེད་མཛད་ཅིང་།། ཐུགས་ཞི་གནོད་པ་མི་མངའ་དེས།། ཁྱེད
96b5 ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ་གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྟོན་པ་རྒྱུག་པ་རྣམས
96b6 ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། གང་གིས་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྐྱོབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན
iiif viewer powered by OpenSeadragon
96a - 97a