| | e-texts navigator
|
94a1 སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པར་དགོངས་པ་དང་ལྡན་པ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང
94a2 སྙོམས་ལ་གནས་པ་གཤེགས་ཀྱི། ཀྵི་ཕྲེཾ་ན་ནི་རྒཙྪ་ཏ་སྭཱ་ཧཱ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཆོག་དང་ཆོས་ཉིད་ཀྱིས། ལྷ་ཐམས་ཅད་དང་འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་གཞི་འདི་དག་ནི་གྲུབ
94a3 པའོ།། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ།། གང་ལ་སེར་སྣ་རྣམ་ཆགས་པ།། རྣམ་འཇོམས་དྲི་མ་མེད་མཛད་ཅིང་།། ཐུགས་ཞི་གནོད་པ་མི་མངའ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། འདྲེན་པ
94a4 གང་ཞིག་འགྲོ་བ་རྣམས།། ཐར་པའི་ལམ་དུ་འཛུད་མཛད་ཅིང་།། ཆོས་རྣམས་ཐམས་ཅད་སྟོན་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྟོན་པ་རྒྱུག་པ་རྣམས་ཀྱི་རྟེན།། སེམས་ཅན་ཀུན་གྱི་དོན་གྱི
94a5 ཕྱིར།། གང་གིས་བདེ་བ་མངའ་མཛད་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། སྐྱོབ་པ་གང་ཞིག་བྱམས་པ་ཡི།། ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།། བུ་གཅིག་བཞིན་དུ་རྟག་བསྐྱངས་དེས།། ཁྱེད་ལ་བདེ
94a6 ལེགས་མཛད་པར་འགྱུར།། གང་ཞིག་འཁོར་བར་འཁོར་བ་ཡི།། སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།། གླིང་དང་དཔུང་གཉེན་གྱུར་པ་དེས།། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།། གང་ཞིག་ཆོས་ཀུན་མངོན་སུམ
iiif viewer powered by OpenSeadragon
93b - 94b