e-texts navigator
Collection
Volume
Page
Wylie

49b1 བུ་ནི་གནམ་གྱི་དིག་པ་ཆེན་པོས་བྱ།། བདུད་ཀྱི་ཕྱི་མོ་ས་ཆུ་མེར་བས་བྱ།། དེ་ཡི་བུ་མོ་མེར་མེར་ལྕམ་གཅིག་མ།། དེ་གཉིས་ཐུགས་ཀྱི་སྲས་ཆེན་པོ།། སྲས་ནི་ཡ་བདུད་བཅུ་གསུམ་བྱུང་།། སྤྱི་མེས་རཱ་ཙ་རྒྱལ་པོ
49b2 དེ།། བདུད་ཐོད་པའི་ཕྲེང་བ་ཅན་ཞེས་བྱ་བ་སྟེ། ཡུལ་ནི་བདུད་ཡུལ་ནག་པོ་ན།། བདུད་མཁར་ནི་ལྡེམས་སེ་ལྡེམ།། རྩ་བ་གསེར་ལ་རྩེ་མོ་བྲག། རྩེ་དགུ་གནམ་དུ་ཟངས་སེ་ཟང་།། རྩེ་ནི་མི་ལྤགས་རློན་པས
49b3 གཡོགས།། ནང་ན་མི་ཁོག་བྲུངས་སུ་གཅེར།། ནང་ན་རྟ་ཁོག་རྩིག་པར་བརྩིགས།། རྩ་ནས་ཁྲག་དང་ཆུ་སེར་འཛག། ཐོད་པ་སྐམ་སྔོན་མཁར་དུ་བརྩིགས།། མཁར་གྱི་རྩ་བ་ན། བདུད་སྤྱད་སྔོན་པོ་འུར་དང་ཡམས་སེ
49b4 ཡམ།། བདུད་བྱ་སྨྱུང་ཀ་དི་རི་རི།། བདུད་ཀྱི་ཁྱི་མོ་འཁང་དང་དི་རི་རི།། དེ་ཡི་ནང་ན་བདུད་ཆེན་མེས་པོ་བཞུགས།། མི་ཤ་མ་ལགས་གཞན་མི་ཟ།། རྟ་ཁྲག་མ་ལགས་གཞན་མི་འཐུང་།། ཕོ་ཉ་མང་པོ་ཤ་ལ
49b5 འགྱེད།། མགོ་བརྙན་མང་པོ་སྤྲུལ་པར་འགྱེད།། བདུད་མེས་ཡབ་ཡུམ་མདོས་ལ་སྤྱོན།། ཡ་བདུད་བཅུ་གསུམ་དེ། ནག་པོ་བཀྲག་མེད་དེ། བདུད་རྟ་ནག་པོ་ཆིབས། ཟངས་ནག་བེར་ཆེན་གསོལ། བདུད་ཞགས་ནག
49b6 པོ་མདའ་ལྟར་འཕེན།། བདུད་རེ་ལྡེམ་གོ་ཡག་དེ། བདུད་ཀྱི་རྟ་ནག་ཞོན་ནས་སྐྱེས་པ་ཁྲོམ་ལ་འདེབས།། ཁམས་གསུམ་རྡུལ་དུ་རློག་པའི་མ་ལེ་གེ་ཤག་དེ། སྐྱེ་འགྲོ་ཁྲམ་ལ་འདེབས་པའི་བདུད་རྗེ་མང་ཀུག




iiif viewer powered by OpenSeadragon

49a - 50a

Texts on this page

Gpb032.002 - lha 'dre stong gi dra ba'i rgyud chen po