| | e-texts navigator
|
45a1 དཀར་པོ་དང་། དབང་ཕྱུག་ཆེན་པོ་དང་། མགོན་པོ་ཆེན་པོ་དང་། བདུད་མོ་རྒྱལ་བྱིན་དང་། ནག་པོ་ཁྲམ་ཐོགས་དང་། ཐེ་བྲང་ཧ་སྟང་དང་། ཀླུ་རྒྱལ་ཆེན་པོ་དང་། ས་བདག་བསེ་དང་། ཁྱབ་འཇུག
45a2 ཆེན་པོ་དང་། ཕུང་བྱེད་དབྱུག་བྱེད་ཛ་ལ་མའི་སྡེ་དང་། དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྐོར་ཞིང་ཕྱག་འཚལ་ནས་རང་རང་གི་གདུག་པའི་མཚོན་ཡོ་ཕུལ་ཏེ། རང་རང་གི་ལས་བསྟན་པ་གཉེན་པོ
45a3 བསྲུང་བ་འདི་དག་སྨྲས་ཏེ། སྲོག་འདི་དག་ཕུལ་ལོ།། གསད་པ་དང་ནི་གསོ་བ་དང་།། འབོད་པ་དང་ནི་རྦད་པ་དང་།། དབབ་པ་དང་ནི་གཅད་པ་དང་།། གནན་པ་དང་ནི་གཟིར་བ་དང་།། དབུག་དང་ལྟས་ངན་གཏང
45a4 བ་དང་།། བསྐྲད་པ་དང་ནི་ཞི་བ་དང་།། ལས་ཀྱི་རིམ་པ་གསང་བའི་སྔགས་འདི་དག་སྨྲས་སོ།། ཨཱིཾ་ཡ་ཏྲི་ཀྲམ་ཡེ་ར་ཡ་ཡག་ཤ་ཏྲེག་ཀ་ལ་རག་ཤ་དུན་ཡ་རག་ཤ་ས་མ་ཡ་ཏྲི་ཀྲོག་ཡ། ཡ་ཏྲི་སེན་ཡམ་འོག་ན་རག་ཤ
45a5 རྦད་ཤམ་ཡེ་ར་ཡ། ཀྲི་རི་ཏི་སང་ཏེ་ཡཾ་རྗེ་ཡཾ་པ་རྦད། ཏྲིང་ཏྲིང་ལ་མ་ནི་བྱོ། ཏྲི་ཡེ་ར་ཡ། ཡ་ཏྲི་ཀྲ་མ་ཏྲག་ཏུ་ཡེར་ཡ་ཁ་ལ་རུ་ཏྲི་བྲུཾ་པ་ནི་རྦད་ཡཾ། ཏྲི་ཁཾ་རུ་པ་ན་རྦད་བུ་འདར་ལི་ཡ། ཀར་པ་འདྲེ་ནི་ཡཾ་ཏྲི་ཀུ་རུ་ཡཾ། ནག་པོ
45a6 ཁ་ལ་ཧ་ར་ཧུར་ཤཾ་ཡ། ཏ་ལེ་ཡཾ་ཏྲི་ག་རེ་དུ་ན་ཡེ། ཨུ་པ་རི་སད་ཡཾ། ནག་པོ་ཀཱ་ལ་འུར་ཆོམ་ལེ་རུང་ཡ་ཏྲི་ཡ། མ་མུས་མ་ཡོ་ཏེ་པུ་རུ་ཏི་ཡ། མ་རེ་དུ་ཙེ་ཁྲྀ་ཡ་ཏིང་པི་ལི། མུ་ཏི་མ། ཀུན་ཏི་ཐུན། པྲི་ཏེ་མ། དྲི་མ་ཀུ་རུ་ཡ།
iiif viewer powered by OpenSeadragon
44b - 45b