e-texts navigator
Collection
Volume
Page
Wylie

205b1 ཀྱི་སྒྲོ་འདོགས་གཅོད།། འབྲེལ་པ་ལོག་ནོན་རྒྱུད་དུ་ཟུང་།། བདེན་མཉམ་རྫུན་མཉམ་རང་མེད་སྟོན།། རྒྱུ་ཟད་རྐྱེན་ཟད་རྒྱུད་དུ་ཟུང་།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དཔེ་དང་མཚན་གྱི་ལེའུ
205b2 སྟེ་སོ་བཞི་པའོ།། །། དེ་ནས་ཡང་ནི་གདམས་པ་སྟེ།། རྡོ་རྗེ་འཛིན་པ་རྡོ་རྗེའི་འཁོར།། ཟུང་ཞིག་གཏད་དོ་རྡོ་རྗེ་འཛིན།། ལེགས་པར་ཆོངས་ཤིག་རིགས་ཀྱི་བུ།། ང་ནི་མྱ་ངན་འདས་འོག་ཏུ།། ཆོས་ལ་དར་ནུབ
205b3 གསུམ་འོང་གི། དུས་ཀྱི་སྙིགས་མ་ལས་ངན་བྱེད།། དེ་དུས་ང་ཡི་རྒྱུད་འདི་འབྱུང་།། སེམས་ཅན་བསོད་ནམས་བྲི་བའི་རྟགས།། ཚེ་ཐུང་ནད་མང་ལོངས་སྤྱོད་ཆུང་།། ཉོན་མོངས་རགས་ཏེ་ནད་འཁྲུག་འོང་།། ཀུན་ལ
205b4 གཅེས་པའི་རྒྱལ་ཁྲིམས་ཉམས།། ང་སྤྱད་ང་སྤྲིན་གཡོ་སྒྱུ་ཡིས།། དེ་ཚེ་རབ་ཏུ་བྱུང་བ་ཀུན།། འདུལ་ཁྲིམས་གཡོ་དང་ཁྲམ་དུ་བྱེད།། སྡེ་པའི་གནས་བརྟན་དམག་དཔོན་བྱེད།། དགེ་སློང་སྒོམ་ཆེན་ཁྲམ་པ
205b5 བྱེད།། དགའ་སྤྱོད་བྱམས་སྒོམ་དག་ལ་བསྟོད།། སྔགས་པ་དམ་ཚིག་མི་བསྲུང་ཞིང་།། ཕྱི་རོལ་མུ་སྟེགས་སྒྲུབ་པ་བྱེད།། ངན་སྔགས་འབའ་ཞིག་ནང་དམེ་བྱེད།། གཙོ་བོ་རྩད་འཆང་མནའ་ལ་ཟ།། དམངས་ཀུན་རང
205b6 དགའ་ངོ་ཚ་བྲལ།། ཕོ་ནི་ཁྲིལ་ཤོར་ཛག་ཆོམས་བྱེད།། མོ་ནི་ཆོ་ཤོར་ལུས་ཚགས་ལྷོད།། ཀུན་ཀྱང་དཀོན་མཆོག་དཀོར་ལ་འབགགས།། བྱིས་པ་རྒན་སྤྱོད་ལས་ལ་བརྩོན།། གཉེན་དུ་བཅས་པས་དགྲ་རུ




iiif viewer powered by OpenSeadragon

205a - 206a

Texts on this page

Gpb032.017 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud