e-texts navigator
Collection
Volume
Page
Wylie

154a1 པོ་ན་དྲིལ་བུ་དང་། བར་མ་ན་བྷནྡ་དམར་གྱིས་བཀང་བ། ཐ་མ་ན་ཐོང་གཤོལ་བསྣམས་པ། ཡུམ་བཛྲ་ཀྲོ་དྷི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ། མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། རང་གི་ཀླད་པ་དུང
154a2 ཁང་གི་དཀྱིལ་ན་བཞུགས་སོ།། བཅོམ་ལྡན་འདས་དཔལ་བུདྡྷ་ཧེ་རུ་ཀ་སྐུ་མདོག་སྨུག་ནག། དབུ་གསུམ་པ། གཡས་དཀར་བ། གཡོན་དམར་བ། དབུས་སྨུག་ནག་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་པ།
154a3 ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་འཁོར་ལོ། བར་པ་ན་དགྲ་སྟ། ཐ་མ་ན་རལ་གྲི་བསྣམས་པ། གཡོན་གྱི་དང་པོ་ན་དྲིལ་བུ་དང་། བར་བ་པ་ན་བྷནྡྷ་དམར་གྱིས་བཀང་བ། ཐ་མ་ན་ཐོང་གཤོལ་བསྣམས་པ། ཡུམ
154a4 བུདྡྷ་ཀྲོ་དྷི་ཤྭ་རཱི་མ་ཡབ་ལ་འཁྲིལ་བ། མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། རང་གི་ཀླད་པ་དུང་ཁང་གི་ཤར་ན་བཞུགས་སོ།། བཅོམ་ལྡན་འདས་དཔལ་རཏྣ་ཧེ་རུ་ཀ་སྐུ་མདོག་སེར་ནག་དབུ་གསུམ་པ། ཞལ
154a5 གཡས་དཀར་བ། གཡོན་དམར་བ། དབུས་སེར་ནག། ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བཞུགས་པ། ཕྱག་དྲུག་པ། གཡས་ཀྱི་དང་པོ་ན་རིན་པོ་ཆེ་འབར་བ་བསྣམས་པ། བར་པ་ན་ཁ་ཊཾ་ག། ཐ་མ་ན་བེ་ཅོན
154a6 བསྣམས་པ། གཡོན་པ་དང་པོ་ན་དྲིལ་བུ། བར་པ་ན་བྷནྡ་དམར་གྱིས་བཀང་བ། ཐ་མ་ཏྲི་ཤཱུལ་དང་ཐོང་གཤོལ་བསྣམས་པ། ཡུམ་རཏྣ་ཀྲོ་དྷི་མ་ཡབ་ཀྱི་སྐུ་ལ་འཁྲིལ་བ་མགུལ་ནས་འཁྱུད་པ། ཞལ་དུ་སྟོབ་པ། ཁུ




iiif viewer powered by OpenSeadragon

153b - 154b

Texts on this page

Gpb032.014 - man ngag snying gi dgongs pa rgyal ba'i bka' zhes pa'i rgyud