| | e-texts navigator
|
59a1 གདམས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དངོས་གྲུབ་ཆེན་པོ་འབྱུང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། ས་མ་ཡ། ན་ར་ཀན། ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ཅིང
59a2 ཞུས་ཏེ་གཏན་ལ་ཕབ་པའོ།། །།
59a3 རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀ་ལ་ཨག་ནི་ཛི་ཧོ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས
59a4 དབང་ཕྱུག། ནག་པོ་ཆེན་པོ་དང་ཐབས་ཅིག་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདག་གི་རྡོ་རྗེ་འཛིན་པའི་རྒྱལ་པོ་ནི། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ
59a5 ཚོགས་དབུས་ན། འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་། མཁའ་འགྲོ་དང་། ཤ་ཟ་དང་། ལྷ་དང་། ཀླུ་དང་། གནོད་སྤྲིན་དང་། དྲི་ཟ་དང་། གཤིན་རྗེ་དང་། སྲིན་པོའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་ཏེ།
59a6 དེའི་ཚེ་བཅོམ་ལྡན་འདས་ལ་དཔལ་ནག་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་ཁྲོ་རྒྱལ་གཙོ།། བདག་གི་ལོ་རྒྱུས་ཇི་ལྟར་ལགས།། བསྟན་པ་བསྲུང་ཚུལ་ཇི་ལྟར་ལགས།། ཕྱི་རབས་རྣལ་འབྱོར
iiif viewer powered by OpenSeadragon
58b - 59b