e-texts navigator
Collection
Volume
Page
Wylie

231a1 རལ་གཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པ་ཕྱི་མ་སྟེ་ལེའུ་བཅུ་བཞི་པའོ།། །། རྫོགས་སོ།།
231a2 རྒྱ་གར་སྐད་དུ། ལོ་ཀ་དུ་ཏ་ཏནྟ་པྲ་བ་སད་ནཱ་མ། བོད་སྐད་དུ། སྲིད་པའི་བེམ་ཞེས་བྱ་བ། རྒྱ་ནག་སྐད་དུ། བདེ་རོད་དར་མུད་ཁ་ཕྱེད། བོད་སྐད་དུ། སྲིད་པའི་སྐོས་ཆེན་པོ་ཞེས་བྱ། ཞང་ཞུང་སྐད་དུ། མུ
231a3 ཡི་སངས་འདུ་བེ་ཏ་ཧ་འཕྱོ་ཡ་སངས། བོད་སྐད་དུ། སྲིད་པའི་ཧས་ཞེས་བྱ། བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། སྔོན་འདི་སྐད་ཐོས་པའི་དུས་གཅིག་ན། རང་སྣང་གི་དངོས་པོ་ནི་རིགས་ལྔ། འབྱུང་བ་ལྔ་ནི
231a4 ཡུམ་ལྔ་རུ་སྣང་བ་ལས། སྲིད་པའི་ཆམ་ལ་དབབ་པའི་སྒོས་བདག། སྲིད་པའི་རྒྱལ་མོ་འཁོར་ལོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་སྡུད་པ་ལས། དེའི་ཐུགས་ཀ་ནས་སྐོས་བདག་ཆེན་པོ་བརྒྱད་སྤྲུལ་ནས
231a5 འཇིག་རྟེན་ཆམ་ལ་ཕབ་སྟེ་གནས་པ་ནི།། ནག་པོ་འཛུམ་མེད་དང་། ཟོམ་པོ་ཡོར་པོ་གཉིས་སྲིད་པ་བྱང་དུ་བསྐོས།། སྐོས་རྗེ་དྲང་དཀར་དང་། ཟོད་པའི་ཕྲེང་བ་གཉིས་ཤར་གྱི་སྐོས་བདག་ཏུ་བསྐོས། ཡགྣ་དེ་ཝ་དང་།
231a6 ཡགྣ་ཀྲོ་ཏ་གཉིས་ནུབ་ཀྱི་སྐོས་བདག་ཏུ་བསྐོས། འཁོར་ལོ་བཅུ་གཉིས་པ་དང་། ཡབ་རྗེ་ནག་པོ་གཉིས་བྱང་གི་སྐོས་བདག་ཏུ་བསྐོས། དེ་ཐམས་ཅད་ཀྱང་བཛྲ་ཧེ་རུ་ཀའི་སྐུ་ལ་འཁྲིལ་བའོ།། བདུད་དེ་རྣམས་ཀྱིས




iiif viewer powered by OpenSeadragon

230b - 231b

Texts on this page

Gpb031.010 - rnal 'byor dbang phyug chen mo ral gcig ma'i rgyud
Gpb031.011 - srid pa'i bem