| | e-texts navigator
|
198a1 གཉིས་ལ་ནི།། དུར་ཁྲོད་སོལ་བ་ཁྱི་ནག་པོའི།། སྙིང་ཁྲག་དུར་ཁྲོད་སོལ་བ་གསུམ།། བསྲེས་ལ་ཐོད་པའི་འཁོར་ལོ་ཡི།། ཕྱི་རོལ་ཚ་བ་གསུམ་གྱིས་བྱུགས།། ཐོད་པའི་ནང་དུ་འཁོར་ལོ་ནི།། ཁྱིའམ་དོམ
198a2 གྱི་ཐོད་པ་གཞུག། ནི་རཏྣ་ཡི་ཕུར་བུ་བརྒྱད།། སོར་ནི་བཞི་ཚད་རབ་གནས་བྱ།། ཨོཾ་མ་ཧ་ཀ་ལ་ཡ། ཨ་ར་བི་ཤ་བཛྲ་ཀི་ལ་ཡ། ཨ་མུ་ཀ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ། ཕུར་བུ་བརྒྱད་ལ་བྲི་བར་བྱ།། འཁོར་ལོ་མནྡལ་སྟེང
198a3 བཞག་ནས།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ།། མཆོད་པ་དང་གཏོར་མ་ལ་སོགས་པ།། བསམ་གཏན་སྔགས་ཀྱིས་བརྩོན་པར་བྱ།། དེ་ནས་ཐུགས་ཀའི་འོད་ཟེར་ནི།། ལྕགས
198a4 ཀླུའི་ཚུལ་དུ་རབ་སྤྲོས་པའི།། བསྒྲུབ་བྱ་གསལ་བར་འདུག་ནས་ནི།། འོད་ཀྱི་ཞགས་པས་བཅིང་བར་བྱ།། དེ་ནས་རྣལ་འབྱོར་པའི་མདུན་དུ་ནི།། བསྒྲུབ་བྱ་གཅེར་བུ་མགོ་མཇུག་བཟློག། དཔལ་ལྡན་ནག་པོའི་ཁ
198a5 སྦྱོར་གྱི།། བར་དུ་བསྒྲུབ་བྱ་གཞུག་པར་བྱ།། བསྒྲུབ་བྱ་གསལ་བའི་སྙིང་གི་དཀྱིལ།། གྲི་གུག་འོད་དང་བཅས་པར་བསྒོམ།། སྲོག་བཅད་ནང་ཁྲོལ་གཏོགས་ནས་ནི།། བསྒྲུབ་བྱའི་ན་ས་གཡས་གཡོན་ནས།། དཔལ
198a6 ལྡན་ནག་པོ་ཆེན་པོ་ཡིས།། སྙིང་གི་ཁྲག་ནི་འཐུང་བར་བསམ།། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། བསྒྲུབ་བྱ་ལན་བདུན་དགུག་པར་བྱ།། ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་ནི།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཨཱ་ཀ།
iiif viewer powered by OpenSeadragon
197b - 198b