e-texts navigator
Collection
Volume
Page
Wylie

172a1 ནུབ་ལང་ཀ་པུ་རི་ཡི།། སྨད་འཚོང་མ་ཡི་མངའ་དུ་ཆགས།། བུ་དེ་ཟོན་པས་མ་དེ་འཆི།། ཡུལ་ཕྱོགས་དེ་ཡི་མི་དག་གིས།། ཕ་མེད་དོ་བུ་ཀོ་ནུ་འདི།། བཞག་ན་ཡུལ་ཕྱོགས་སྨེ་བས་ན།། མ་ཡི་རོ་མཚན
172a2 གཞུག་པར་བསྒོས།། དུག་ཤིང་ནལ་བྱའི་རྩ་རུ་བསྐྱལ།། བུ་དེས་མ་ཡི་ནུ་མ་དྲངས།། དེ་ནས་ཁྲག་དང་ཆུ་སེར་དྲངས།། དེ་ནས་མ་རོ་ཟད་པར་ཟོས།། རང་རྒྱུད་ཁྲོ་བོ་འཇིགས་པར་བསྒོམ།། མ་ཡི་པགས་པ་གོས་སུ
172a3 གྱོན།། དེ་ནས་པ་ཏྲ་ལུས་ཆེན་བརྟས།། དུར་ཁྲོད་རོ་ཡི་ཤ་ཁྲག་ཟོས།། ཐོད་ཕྲེང་སོར་ཕྲེང་རྒྱན་དུ་བྱས།། རོ་ཡི་པགས་པ་གོས་སུ་གྱོན།། དུར་ཁྲོད་གནས་པའི་མཁའ་འགྲོ་རྣམས།། ཆུང་མ་སླས་དང་བྲན་དུ་བྱས།། མ
172a4 ཟན་རཱུ་ཏྲ་དེ་ཡི་ནི།། ཁ་ནས་ཚ་བའི་དབུགས་བྱུང་བས།། ནད་དང་རིམས་ཀྱིས་ཐམས་ཅད་གསོད།། སྣ་ནས་གྲང་བའི་དབུགས་བྱུང་བས།། ཕྱོགས་བཅུ་ཀུན་ཏུ་མས་འཁྲུག་བྱེད།། མིག་གི་དུག་གིས་ཐམས་ཅད
172a5 ད།། སྔགས་ཀྱི་ཟེར་མས་ཐམས་ཅད་སྒྲོལ།། རང་ལུས་ཐལ་ཁ་འཇིགས་པ་ལ།། མགོ་གསུམ་ལག་དྲག་གཤོག་པ་ཅན།། མིག་གསུམ་སྐ་ནི་མེ་ལྟར་འབར།། གནམ་ལ་བྱ་བཞིན་ས་ལ་བྱི།། ཆུ་ལ་ཉ་བཞིན་འཕྱོ
172a6 བར་བྱེད།། སེན་མོ་ཀང་ཀའི་མཆུ་སྡེར་གྱིས།། གང་ཟིན་ཤ་རུས་མྱགས་པར་བྱེད།། རང་གི་ང་རྒྱལ་གཏུམ་སྐད་སྒྲོགས།། དེ་ཚེ་འགྲོ་བ་ཐམས་ཅད་ཀྱང་།། ལོག་ལྟ་སྣང་བཅུའི་ལམ་ལ་བཙུད།། ང་རྒྱལ་ཆེ་བའི་མཐུས




iiif viewer powered by OpenSeadragon

171b - 172b

Texts on this page

Gpb031.007 - dpal mgon po nag po dur khrod mngon par rol pa mtshon cha 'khor lo zhes bya ba'i rgyud