| | e-texts navigator
|
103a1 ཏི་པྲཛྙཱ། སྠཱ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི།། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བྷནྣ་བྷནྠ། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཨོཾ་ཡ་མ་རཱ་ཛ་ས་ད་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར
103a2 ཡཀྵེ་ཡ་ཡཀྵ་ཡཙྪ་ནི་ར་མ་ཡ་ཧཱུཾ་ཕཊ། ཨོཾ་ཧྲཱིཿཥྚྲྀཿཝ་ཀྲྀ་ཏཱ་ནན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧ་ན་ཧཱུཾ་ཕཊ། ནག་པོ་ཆེན་པོ་རྒྱུད་དུར་ཁྲོད་ནག་པོ་ལས། སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །། ཐུགས་དམ་བསྐུལ་བ་ཇི་ལྟར
103a3 ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནག་པོ་ཆེན་པོ་ལས་ལ་བསྐུལ་བ་ནི།། ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན།། འདས་དང་མ་བྱོན་ད་ལྟར་གྱི།། བསྟན་པ་སྲུང་བར་སྐྱེད་བྱེད་པ།། ནག་པོ་ཆེན་པོ་ཁྱོད་ནི
103a4 ཡིན་པ་སྟེ།། གདུག་པ་ཚར་གཅོད་འཇིགས་པའི་གཟུགས།། རལ་པ་ནག་པོ་གྱེན་དུ་གཡེང་།། སྟེང་གི་ལྷ་ཚངས་འཇིགས་པར་བྱེད།། སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷག་དོན་བསྡིག། གཡས་པ་གྲི་གུག་གནོད
103a5 སེམས་ཅན་ལ་སྡང་།། གཡོན་པ་ཐོད་ཁྲག་གནོད་སེམས་ཁྲག་གང་གསོལ།། ཞབས་བརྡབ་གནོད་སེམས་ཅན་གྱི་ལས་ལ་ཉེད།། གང་གི་དཀོན་མཆོག་གསུམ་ཁྲོ་དང་།། བླ་མ་བརྙས་བྱེད་སེམས་ཅན་འཚེ།། བདག་གིས
103a6 ད་སྒོས་ཀུན་ཁུག་ལ།། ལིངྒ་འདི་ལ་མྱུར་དུ་ཆུག། འདི་ཡི་ཤ་ཟོ་ཁྲག་འཐུང་ལ།། རུས་པ་ཀླད་པ་ནང་རོལ་ཟོ།། རིགས་རྒྱུད་རྩད་ནས་ཆོད་ལ་ཤོག། མཛའ་བོ་ཀུན་དང་ཕྲོལ་ལ་ཐོང་།། བདག་གིས་བསྒོ་བ་མ་ཉན
iiif viewer powered by OpenSeadragon
102b - 103b