| | e-texts navigator
|
5a1 ཡིས།། འགྲོ་དྲུག་ནི་གནས་ནས་འདྲེན།། གཡས་ཀྱི་འདབ་གཤོག་བཞི་བཅུ་རྩ་གཉིས་ཀྱིས།། སངས་རྒྱས་བཞི་བཅུ་རྩ་གཉིས་རོལ་པ་མཛད།། གཡོན་གྱི་འདབ་གཤོག་དྲུག་ཅུ་རྩ་བརྒྱད་ལ།། མ་མོ
5a2 དྲུག་ཅུ་རྩ་བརྒྱད་རོལ་པ་མཛད།། བསྐང་ངོ་སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐང་།། མི་ལ་ནི་སྲིད་པ་མེད།། བྱ་ལ་ནི་སྲིད་པ་ཡོད།། མི་ལ་ནི་མཐོ་འཇུང་མེད།། བྱ་ལ་ནི་མཐོ་འཇུང་ཡོད།། མི་ཡི་གླུད་དུ་བྱ་བ་ཞེས
5a3 ཤིག། གསེར་མཁར་གའུ་འབར་བ་ནས།། དཀར་མོའི་རྒྱལ་མོ་མི་བཟད་མ།། འབར་མ་གློག་གི་བང་བ་ཅན།། གསེར་གྱི་དྲིལ་ཞགས་སྡོག་ཅིང་འཕེན།། མི་འགྱུར་དབྱིངས་ནས་འོད་གསལ་མ།། བྱ་ཐང་དཀར་ནི་ག
5a4 ཡང་ཞུ་ནི།། མཐིང་ནག་ནམ་མཁའི་ན་བཟའ་ལ།། གཞའ་ཚོན་འབར་བའི་མཐའ་ཆག་ཅན།། འདི་ཡི་མདངས་ཀྱིས་ཐུགས་དམ་བསྐང་།། གཏི་མུག་ནད་རྣམས་ཞི་བར་མཛོད།། རྣལ་འབྱོར་ཉམས་པ་སྐོང་གྱུར
5a5 ཅིག། གཡུ་སྒོང་ཁ་འབར་ནང་ནས་ནི།། སྔོན་མོ་གཡུ་ཡི་འཕུར་རྩལ་ཅན།། མཐིང་ནག་ནམ་མཁའི་རྒྱལ་མཚན་ཅན།། ཉི་ཟེར་ཞགས་པས་སྐྱེ་འགྲོ་འདྲེན།། བྱ་སྦྱིན་དཀར་ནི་གཡང་ཞུ་ནི།། ན་བཟའ་མཐིང་ནག་ན
5a6 བཟའ་ལ།། ཉི་ཟེར་དམར་པོའི་འོད་ཀྱིས་མཛེས།། ལྗགས་ལ་གློག་དམར་ལམས་སེ་ལམ།། འདི་ཡི་མདངས་ཀྱིས་བསྐང་བྱས་པས།། གཏི་མུག་ནད་རྣམས་ཞི་བར་མཛོད།། དམ་ཚིག་ཉམས་པ་སྐོང་གྱུར
iiif viewer powered by OpenSeadragon
4b - 5b