e-texts navigator
Collection
Volume
Page
Wylie

3b1 འགྱུར།། གཡུ་སྒོང་སྔོན་མོ་གནམ་དུ་ཡར།། ལྕགས་ཀྱི་སེར་བ་ཐབ་ཏུ་འབབ།། ཤེལ་དཀར་ནང་དུ་དུག་གིས་བཀང་།། ཟངས་སྒོང་དམར་པོ་ཟུར་དུ་འདྲིལ།། མི་བཟད་འབར་བ་ཀླད་ལ་བསྐོར།། མི་བཟད་འབར
3b2 བའི་ནད་ཟེར་འབྱུང་།། ཉི་མ་སྤྲིན་གྱི་ཤུགས་ཅན་འཁྲུགས།། ཚུབ་མ་དམར་པོ་ནམ་མཁར་འཕྱོ།། སེང་གེ་གངས་ཀྱི་སྟོད་ནས་ལྷུང་།། སྒོ་ནས་ཤེལ་གྱི་སྒོ་ང་ཡར།། ནམ་མཁའི་དཀྱིལ་ནས་སྤྲིན་ཆེན་རལ།། ས་ལ་བོང
3b3 བུའི་བཅུད་ཆེན་ཟགས།། བསེ་སྐོང་ཁྲ་བོ་རྒྱ་མཚོར་འབར།། ས་ལ་ལྕུག་ཕྲན་ཟོར་གྱི་འདེབས།། གཟའ་སྐར་འཁྲུག་པའི་ཆོ་འཕྲུལ་ནི།། ཟོ་བ་རྒྱན་གྱི་རྩེ་མོ་རུ།། ཟ་འོག་སྦུད་ལྷུབ་མིན་ནམ་པ་ཆགས་པ་ནི།། དེ་ལ
3b4 ལྟས་ངན་དགྲ་བཟློག་བྱ།། སྲིད་པ་མཚོ་བཞི་ལས། ལྟས་ངན་གྱི་དགྲ་ཇི་ལྟར་འབྱུང་བའི་ལེའུ་སྟེ་གཉིས་པའོ།། །། ཕྲ་མེན་རྒྱ་མཚོས་ཡང་གསོལ་པ།། བཅས་ཀྱི་རིམ་པ་ཅི་ལྟར་ལགས།། རྫོགས་སངས་རྒྱས་ལ
3b5 བདག་ཉན་འཚལ།། རྫོགས་སངས་རྒྱས་ཀྱི་བཀའ་སྩལ་པ།། ས་ཡི་འཁོར་ལོ་སྦྱངས་པ་ལ།། འོག་གཞི་རུས་སྦལ་ཁོག་པ་ལ།། གསེར་གྱི་འཁོར་ལོ་རྩིབས་བརྒྱད་ལ།། གླིང་བཞི་འཁོར་ཡུག་གླིང་ཕྲན་ལྡན།། མཐའ
3b6 མ་ལྕགས་རི་ནག་པོ་ལ།། རིན་ཆེན་སྣ་ལྔའི་གཅལ་བཀྲམ་སྟེ།། རྩིབས་བརྒྱད་སྟེང་དུ་ཀླུ་བརྒྱད་བྲི།། འབྲུ་སྣ་ལྔ་ཡི་ངར་ཕྱེ་ལ།། ཞབས་བརྒྱད་ཀླུ་བརྒྱད་བརྫིས་པར་བྱ།། ཞབས་ཀྱི་རྩེ་ནི་ཕྱི་རུ་བསྟན།། ཞབས




iiif viewer powered by OpenSeadragon

3a - 4a

Texts on this page

Gpb030.001 - srid pa rgya mtsho bzhi'i rgyud