e-texts navigator
Collection
Volume
Page
Wylie

38b1 གྲུབ།། གཉིས་མེད་དོན་རྟོགས་དེ་ཡི་དང་།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ཆོས་ཉིད་རྟོགས་པ་གཡུང་དྲུང་ལྷ།། སེམས་ཉིད་རྟོགས་པའི་ལ་དོར་བ།། འགྱུར་མེད་དོན་ཆེན་བརྗོད་པ་གང་།། དེ་སྐད་གསོལ་པ
38b2 གསན་ནས་ཀྱང་།། མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆོས་ཉིད་རྟོགས་པའི་གཡུང་དྲུང་བའི།། སེམས་ཉིད་དོན་གྱི་ངོ་བོ་ལ།། རྫོགས་པའི་ལྟ་བ་ལ་དོར་བའོ།། གནོད
38b3 འདུལ་ལྷ་ཡིས་ཡང་གསོལ་པ།། མ་ཞེས་བྱ་བ་གང་གི་མཁའ།། མོ་ཞེས་བྱ་བ་གང་གི་ཀློང་།། མ་མོའི་གཏན་ཚིགས་ཇི་ལྟར་ལགས།། འབྱུང་བ་ལྔ་པོ་གང་ལས་གྲུབ།། སངས་རྒྱས་རྒྱུ་ཉིད་གང་གིས་གྲུབ།། བདེ་བ་ཆེན
38b4 པོ་དང་ཉིད་ལས།། རྒྱུ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་སམ།། འགྱུར་བ་ལྷ་ཡི་རང་ཉིད་ལས།། འདི་ལ་འཕོ་འགྱུར་མཆིས་ལགས་སམ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆེ་བས་ཆེ་བ་ཟབ་མོ་འདི།། ཤེས
38b5 རབ་ཐབས་ལ་བརྟེན་ཏེ་གྲུབ།། མ་དང་མོ་ཡི་དོན་རྟོགས་ན།། མ་བགྲོད་ས་རྣམས་ངེས་པར་ཐོབ།། ཡིད་བཞིན་ནོར་བུ་མ་བཙལ་རྙེད།། ཡེ་ཤེས་ཉི་མ་རང་ལ་ཤར།། ཆེན་པོ་ལྔ་ཡི་ངང་ཉིད་དུ།། ཐམས་ཅད་མ་ལུས
38b6 སངས་རྒྱས་སོ།། ཧཱུཾ་ཧཱུཾ་ཧཱུཾ། གསང་བའི་མགུར་ཆེན་པོའི་ལེའུ་སྟེ་དང་པོའོ།། །། ཏིང་འཛིན་དབང་ཆེན་དཀྱིལ་འཁོར་བསྐྱེད།། བདག་ཉིད་ཆེ་མཆོག་སྐུར་བསྒོམས་ལ།། ཐམས་ཅད་མ་ལུས་དབང་དུ་བསྡུ།། མན




iiif viewer powered by OpenSeadragon

38a - 39a

Texts on this page

Gpb030.002 - gsang ba gtan tshigs zhes bya ba ma mo 'dus pa'i tan tra