e-texts navigator
Collection
Volume
Page
Wylie

31a1 ཕྲུག་ལས་ཀྱི་རྒྱ་མཚོ་ལས་བཞི་བསྡུས་ཐིག་ལེའི་ལེའུ་སྟེ་བཅུ་དྲུག་པའོ།། །། ཁྲུ་བརྒྱད་པ་ཡི་དཀྱིལ་འཁོར་དུ།། སྦྲང་དང་བསྲུང་བའི་ལས་རྣམས་བྱ།། སྲད་བྲ་ཚན་གྱི་ཆོ་ག་བྱ།། འོག་གཞི་འབར
31a2 ལོ་རྩིབས་བཞི་བྲི།། དབུས་སུ་འཁོར་ལོ་རྩིབས་བཞི་ལ།། དབུས་སུ་ཧཱུཾ་མུཾ་ཡབ་ཡུམ་བསྐྱེད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། དབུ་དགུ་ཕྱག་ནི་བཅོ་བརྒྱད་ལ།། ཞབས་ཀྱང་རྣམ་པ་བརྒྱད་དུ་བསྟན།། གཤོག
31a3 པ་རྡོ་རྗེ་འབར་བས་གཏམ།། དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས།། ཀྲོ་ཏཱི་ཤྭ་རཱི་ས་མ་ཡ་ཧཱུཾ་ཕཊ། ཡབ་དང་གཉིས་སུ་མེད་པ་སྟེ།། ཆ་ལུགས་ཐམས་ཅད་གཙོ་དང་མཐུན།། འཁོར་ལོ་བཞི་ལ་གསང་བའི་ཡུམ།། ཙ་ར་མ
31a4 ནུ་ཕཊ། རཏྣ་ད་རུ་ཕཊ། པདྨ་གུར་པ་ཡ་ཕཊ། གར་སེ་ཏྲཾ་ཏ་ཡ་ཕཊ། དཀར་མོ་ཉི་མའི་གའུ་ཅན།། སེར་མོ་རིན་ཆེན་འོད་འབར་མ།། དམར་མོ་པདྨའི་བཅུད་འཛིན་མ།། ལྗང་མོ་རྡོ་རྗེ་རྒྱ་གྲམ་ཅན།། ཕྱི་ཡི་ཤར་གྱི
31a5 འཁོར་ལོ་ལ།། དངུལ་གྱི་ཕུར་པ་བཅུ་པོ་དང་།། སྒོ་བཞིར་མཆོག་གི་ཕུར་པ་བཞི།། ཡབ་ཡུམ་མཁའ་ནས་ཁྲོ་བཅུ་དགོད།། སྒོ་བཞིར་ཏ་ཀྲིཏ་བཞི་པོ་དགོད།། བཛྲ་གར་བྷ་ཀཱི་ལ་ཡ་ཕཊ། རཏྣ་གར་བྷ་ཀཱི་ལ་ཡ་ཕཊ།
31a6 པདྨ་གར་བྷ་ཀི་ལ་ཡ་ཕཊ། ཀརྨ་གར་བྷ་ཀཱི་ལ་ཡ་ཕཊ། མེ་ཏྲི་ཀཱི་ལ་ཡ་ཕཊ། ཀ་རུ་ཎ་གར་བྷ་ཀཱི་ལ་ཡ་ཕཊ། ལོ་ཀ་ཀཱི་ལ་ཡ་ཕཊ། བི་རུ་ཀི་ལ་ཕཊ། ག་ར་བྷ་ཀི་ལ་ཡ་ཕཊ། ཡགྨ་ཀཱི་ལ་ཡ་ཕཊ། སརྦ་དུ་ཤ་ཕཊ། སིདྡྷ




iiif viewer powered by OpenSeadragon

30b - 31b

Texts on this page

Gpb030.001 - srid pa rgya mtsho bzhi'i rgyud